《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月31日

ཀོང་ཤིས་ཝུའུ་ཀྲོའུ་ཡི་རྒྱལ་ནང་གཙང་པོའི་གྲུ་ཁར་ དངོས་ཟོག་འབེབས་འཇུག་ལས་ལ་བྲེལ།

ཉེ་ཆར། ཀོང་ཤིས་ཝུའུ་ཀྲོའུ་ཁྲི་ཧྲུའེ་གྲུ་ཁའི་ལས་སྒྲུབ་ཁུལ་དུ་ལྗིད་ཐེག་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་པ་དང་། ལྗིད་འདེགས་འཕྲུལ་འཁོར་དངོས་ཟོག་འབེབས་འཇུག་གི་ལས་ལ་བྲེལ་བ་སོགས་གང་སར་བྲེལ་བརྩོན་ཆེ་བའི་རྣམ་པས་ཁེངས་ཡོད། ཁྲི་ཧྲུའེ་གྲུ་ཁ་ནི་ལྕགས་ལམ་དང་། གཞུང་ལམ། ཆུ་ལམ། མཁའ་ལམ་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་ཆེ་གྲས་ཤིག་ཡིན་པ་མ་ཟད། ཝུའུ་ཀྲོའུ་ལིན་ཀང་དཔལ་འབྱོར་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད།