ཟླ་5ཚེས་29ཉིན་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སུ། 2025ལོའི་གཡག་རྒྱུག་འགྲན་བསྡུར་སྐབས་དང་པོ་གཉེར་བ་དང་ཤ་ཤེད་རྒྱས་པའི་གཡག་132འགྲན་བསྡུར་ལ་ཞུགས་ཤིང་། འགྲན་བསྡུར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་བསམ་གྲུབ་གླིང་གྲོང་ཚོར་སྤེལ་ཡོད། ནོར་ནག་ལ་ས་མཐོའི་གཅེས་ནོར་ཞེས་བརྗོད་ལ་གཡག་རྒྱུག་འགྲན་བསྡུར་ནི་བོད་ཀྱི་སྲོལ་རྒྱུན་ལུས་རྩལ་ཞིག་རེད།
འདི་ནི་ཞིང་འབྲོག་མང་ཚོགས་ཀྱིས་གཡག་རྒྱུག་འགྲན་བསྡུར་བྱེད་བཞིན་པ།