འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་གྱི་སྔ་དྲོར། ཧྲན་ཏུང་གཡན་ཐའེ་གྲོང་ཁྱེར་དུ་འགྲིམ་འགྲུལ་སྐྱེལ་འདྲེན་པུས་2025ལོའི་མཚོ་ཐོག་རོགས་སྐྱོབ་དང་འབྲུབ་འགོག་ཉེན་སེལ་གྱི་ཕྱོགས་བསྡུས་ནང་སྦྱོང་བྱས་ཤིང་། ད་རེས་ཀྱི་ནང་སྦྱོང་ནི་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་བྱང་རྒྱུད་མཚོ་ཁོངས་སུ་སྤེལ་བའི་གཞི་ཁྱོན་ཆེ་ཤོས་ཀྱི་མཚོ་ཐོག་འཚོལ་སྐྱོབ་ཀྱི་ནང་སྦྱོང་ཞིག་ཡིན་པ་དང་། དེ་ནི་རྣམ་པ་ཡོངས་འདྲ་བཟོའི་མཚོ་ཐོག་རོགས་སྐྱོབ་ཀྱི་དངོས་འཐབ་བརྒྱུད་ཆུ་ཁ་རྒྱས་དུས་དང་རྒྱ་མཚོའི་རླུང་འཚུབ་ལྡང་ཉེའི་སྐབས་རང་རྒྱལ་གྱི་མཚོ་ཐོག་གི་ཆེད་ལས་སྐྱོབ་འདོན་སྟོབས་ཤུགས་ཀྱི་འཕྲལ་མར་བརྡ་ལན་སྤྲོད་ནུས་དང་མཉམ་འགུལ་ཐུབ་ནུས་ལ་ཞིབ་བཤེར་བྱས་པ་ཞིག་རེད། ཆེད་ལས་ཀྱི་སྐྱོབ་འདོན་གྲུ་གཟིངས་7དང་། རོགས་སྐྱོབ་ཐད་འཕུར་གནམ་གྲུ་2 འཕྲལ་སྡོམ་རོགས་སྐྱོབ་རུ་ཁག་1བཅས་ནང་སྦྱོང་ནང་ཞུགས་ཡོད།
ད་ལོའི་ལྔ་པའི་ཚེས་ལྔའི་ངལ་གསོའི་རིང་། སྔོན་དཔག་བྱས་ན་བྱང་རྒྱུད་མཚོ་ཁོངས་ཀྱི་ཞིང་ཆེན་འབྲེལ་མཚམས་ཀྱི་འགྲུལ་སྐྱེལ་གྲུ་གཟིངས་ཀྱིས་འགྲུལ་པ་དབོར་ཚད་མི་ཐེངས་ཁྲི་2.7དང་། སྐམ་སའི་གླིང་ཕྲན་དུ་འགྲུལ་པ་དབོར་ཚད་མི་ཐེངས་ཁྲི་5.5ཟིན་རྒྱུ་རེད། འགྲིམ་འགྲུལ་སྐྱེལ་འདྲེན་པུའི་བྱང་རྒྱ་མཚོའི་རོགས་སྐྱོབ་ཅུས་ཀྱིས་མཚོ་ཐོག་གི་འཕྲལ་སྡོམ་ལས་རེས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། མཚོ་ཐོག་གི་འགྲུལ་སྐྱེལ་མཚོ་ལམ་གྱི་བདེ་འཇགས་ལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
(པ་སངས་ཚེ་རིང་གིས་བསྒྱུར། པ་ཚེ་དང་དབང་སྒྲོན་སྐྱིད་ཀྱིས་ཞུས)