མཚོ་སྔོན་ཞིང་ཆེན་གྱི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཡིན་པའི་ཆན་ཧྥུའུ་330ཡི་ཡུལ་ཤུལ་གྱི་ལྡོག་ལམ་གཉིས་པའི་ལས་གྲྭ་སྦྲེལ་མཐུད་ལས་དོན་སྔོན་དཔག་བྱས་ན་ཚེས་28ཉིན་ལེགས་གྲུབ་ཐུབ་རྒྱུ་ཡིན་ཞིང་། ལས་གྲྭ་ལེགས་གྲུབ་ཟིན་ནས་སྤྱོད་འགོ་ཚུགས་རྗེས། གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་ཞིང་འབྲོག་པའི་འཚོ་བའི་ཆ་རྐྱེན་ལེགས་སུ་དང་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱེད་པར་དོན་སྙིང་གལ་ཆེན་ལྡན་རྒྱུ་ཡིན་ཞིང་། འདི་ནི་ཉེ་ཆར་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཡུལ་ཤུལ་གློག་འདོན་ཀུང་སིའི་ལས་བཟོས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་འདུ་རྫོང་མཁར་སྔོན་གྲོང་ཚོར་ལས་ཀ་བྱེད་བཞིན་པ།