《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月30日

སྡེ་ཚན་བརྒྱད་ཀྱིས་བྱ་སྤྱོད་འཆར་གཞི་བཀྲམ་པ།

2030ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་གྲངས་འཛིན་དང་རིག་ནུས་མཁོ་སྤྲོད་འཁོར་འབྲེལ་གྱི་སྣེ་འདྲེན་ཁེ་ལས་100ཙམ་སྐྱེད་སྲིང་བྱ་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཚོང་དོན་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་བརྒྱད་ཀྱིས་མཉམ་འབྲེལ་ཐོག《གྲངས་འཛིན་དང་རིག་ནུས་མཁོ་སྤྲོད་འཁོར་འབྲེལ་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་བའི་ཆེད་དོན་བྱ་སྤྱོད་འཆར་གཞི》བཀྲམ་ནས་2030ལོར་སླེབས་སྐབས་ཐོན་ལས་གལ་ཆེན་དང་འགག་རྩའི་ཁྱབ་ཁོངས་སུ་གཏིང་ཟབ་ཞུགས་པ་དང་། རིག་ལྡན་ནུས་ཆེ། རང་བདག་ཚོད་འཛིན་ཐུབ་པ་བཅས་ཀྱི་གྲངས་འཛིན་དང་རིག་ནུས་མཁོ་སྤྲོད་འཁོར་འབྲེལ་མ་ལག་གཞི་རྩའི་ཐོག་བཙུགས་ཏེ། རྒྱལ་ཡོངས་ཀྱི་གྲངས་འཛིན་དང་རིག་ནུས་མཁོ་སྤྲོད་འཁོར་འབྲེལ་གྱི་སྣེ་འདྲེན་ཁེ་ལས་100ཙམ་སྐྱེད་སྲིང་བྱས་ནས་རང་རྒྱལ་གྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉེན་གཤིས་དང་བདེ་འཇགས་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་ཞེས་བཏོན་ཡོད།

ཚོང་དོན་པུའི་འཁོར་རྒྱུག་འཕེལ་རྒྱས་སིའི་འགན་འཁུར་བས། གྲངས་འཛིན་ཅན་དང་རིག་ནུས་ཅན་མཉམ་འདྲེས་ཀྱི་གྲངས་འཛིན་རིག་ནུས་ཅན་ནི་མཁོ་སྤྲོད་འཁོར་འབྲེལ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད། 《བྱ་སྤྱོད་འཆར་གཞི》དེ་ཞིང་ལས་དང་། བཟོ་སྐྲུན་ལས་རིགས། སྡེབ་ཚོང་ལས་རིགས་སོགས་གཙོ་གནད་ཁྱབ་ཁོངས་ཆེན་པོ་ལྔ་ལ་དམིགས་ནས། “ལས་རིགས་གཅིག་ལ་ཐབས་ཇུས་གཅིག”གི་གྲངས་འཛིན་དང་རིག་ནུས་མཁོ་སྤྲོད་འཁོར་འབྲེལ་འཕེལ་རྒྱས་མགྱོགས་པོ་གཏོང་རྒྱུ་རེད། གོམ་སྟབས་རྗེས་མར་ཚོང་དོན་པུའུ་སོགས་སྡེ་ཚན་བརྒྱད་ཀྱིས་གྲངས་འཛིན་དང་རིག་ནུས་མཁོ་སྤྲོད་འཁོར་འབྲེལ་གྱི་སྣེ་འདྲེན་ཁེ་ལས་དང་མཁོ་སྤྲོད་འཁོར་འབྲེལ་གྱི་ལྟེ་བའི་གྲོང་ཁྱེར་ཁག་གཅིག་སྐྱེད་སྲིང་བྱས་ཏེ། ས་གནས་ཀྱིས་འཚོལ་ཞིབ་ཧུར་ཐག་བྱེད་པར་མཛུབ་ཁྲིད་དང་། ཉམས་མྱོང་དང་བྱེད་ཐབས་བཟང་པོ་དུས་ཐོག་ཏུ་ཕྱོགས་སྡོམ་བྱེད་པ་དང་ཁྱབ་སྤེལ་བཏང་སྟེ་རྒྱལ་ཡོངས་ཀྱི་གྲངས་འཛིན་དང་རིག་ནུས་མཁོ་སྤྲོད་འཁོར་འབྲེལ་འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ནས་དེང་རབས་ཚོང་དོན་འཁོར་རྒྱུག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲེམས་མ་གནས་དམའ་རུ་ནུས་ལྡན་གཏོང་བ། འཛད་སྤྱོད་མཁོ་སྤྲོད་ཆུ་ཚད་མཐོ་རུ་གཏོང་བ་བཅས་ལ་འདེགས་སྐྱོར་བརྟན་པོ་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།