འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་པུ་རུ་སེར་ནས་ཟླ་5ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཡོ་རོབ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་ཕོ་ཉ་ཚོགས་པས་རྒྱབ་སྐྱོར་བྱས་པ་དང་པུ་རུ་སེར་ཀྲུང་གོ་རིག་གནས་ལྟེ་གནས་དང་ཡོ་རོབ་ཡུལ་སྐོར་ཨུ་ལྷན་གྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི“ཀྲུང་གོ་དང་ཡོ་རོབ་ཀྱི་སྒྱུ་རྩལ་མཁས་ཅན་ཆུང་ཆུང་གི་ཡིག་སྐོགས་མེད་པའི་འཕྲིན་ཡིག་ཇུས་འགོད་འགྲེམས་སྟོན”ཉིན་ཤས་གོང་པེར་ཀྲེམ་གྱི་པུ་རུ་སེར་དུ་བྱས་པ་རེད། འགྲེམས་སྟོན་དེ“བྱིས་བློ་ལས་མ་འོངས་མཚོན། ཀྲུང་ཡོ་ཡིས་ལེའུ་གསར་རྩོམ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་བྱིས་པ་ཚོས་བཟོས་པའི་ཡིག་སྐོགས་མེད་པའི་འཕྲིན་ཡིག་གི་བརྩམས་ཆོས་ཁྱོན་350ལྷག་ཙམ་འགྲེམས་སྟོན་བྱས་པ་རེད།
པུ་རུ་སེར་དུ་འགྲེམས་སྟོན་བྱས་པ་ཕུད། ཡིག་སྐོགས་མེད་པའི་འཕྲིན་ཡིག་དེ་དག་ད་དུང་པེར་ཀྲེམ་ལྷ་ཡུལ་སྲོག་ཆགས་གླིང་དུ་གཉེར་བའི་ཀྲུང་གོའི་སྤྲེའུ་སྤུ་སེར་ལ་དགའ་བསུ་ཞུ་བའི་མཛད་སྒོའི་ཐོག་ཏུའང་འགྲེམས་སྟོན་བྱས་པ་རེད།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)