《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年05月29日

མཁའ་འདྲི་ཨང་གཉིས་པ་ཟླ་5ཚེས་29ཉིན་འཕེན་གཏོང་བྱ་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་ཤིས་ཁྲང་ནས་གློག་འཕྲིན་འབྱོར་གསལ། ཚེས་26ཉིན། རྒྱལ་ཁབ་འཇིག་རྟེན་མཁའ་སྐྱོད་ཅུས་ནས་ཤེས་རྟོགས་བྱུང་བར། ལས་གྲྭའི་ལས་འགན་བཀོད་འདོམས་པུའུ་ཡི་ཕྱོགས་བསྡུས་ཞིབ་དཔྱོད་དང་ཇུས་ཐག་བཅད་པ་བརྒྱུད། རྒྱུ་སྐར་འཚོལ་ཞིབ་ལས་གྲྭའི་མཁའ་འདྲི་ཨང་གཉིས་པ་ཟླ་5ཚེས་29ཉིན་འཕེན་གཏོང་བྱ་རྒྱུ་ཡིན་པ་རེད།

མིག་སྔར། ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་ལས་འགན་གྱི་གྲ་སྒྲིག་ལས་དོན་ཁག་ལ་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད་ཅིང་། ད་ཐེངས་འཕེན་གཏོང་གི་ལས་འགན་སྒྲུབ་མཁན་རྒྱང་སྐྱོད་ཨང་གསུམ་པ་རྒྱང་ཚོར་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་110ལ་འབུད་རྫས་བླུགས་རྒྱུ་ཡིན་པ་རེད། དེ་གོང་། མཁའ་འདྲི་ཨང་གཉིས་པའི་འཚོལ་ཞིབ་འཕྲུལ་ཆས་ལ་ལག་རྩལ་ཁུལ་དུ་སྒྲིག་སྦྱོར་དང་། ཚད་ལེན་ཚོད་ལྟ། འབུད་རྫས་བླུགས་པ། ས་ཆ་བསྒྱུར་བ། བྱེད་ནུས་ལ་ཞིབ་བཤེར། མཉམ་འབྲེལ་ཚོད་ལྟ་སོགས་ཀྱི་ལས་དོན་ལེགས་སྒྲུབ་བྱས་ཤིང་། སྐྱེལ་འདྲེན་མེ་ཤུགས་འཕུར་མདར་ས་ཆ་བསྒྱུར་བ་དང་། འདེགས་སྒྲིག སྤྱིའི་ཞིབ་བཤེར་ཚོད་ལྟ་སོགས་ཀྱི་ལས་དོན་བསྒྲུབས་ཡོད། འཕེན་གཏོང་བྱ་ཡུལ་དུ་འཕེན་གཏོང་གོང་གི་མ་ལག་དབར་གྱི་མཉམ་སྦྱོང་བྱས་པ་དང་། ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་དང་། པེ་ཅིང་འཕུར་སྐྱོད་ཚོད་འཛིན་ལྟེ་གནས། ཤིས་ཨན་སྲུང་སྐར་ཚད་ལེན་ཚོད་འཛིན་ལྟེ་གནས། རྒྱང་ལྟ་རྟགས་ཅན་གྱི་ཚད་འཇལ་གྲུ་གཟིངས་རུ་ཁག དེ་བཞིན་ལས་འགན་གྱི་ཚད་འཇལ་དང་ཚོད་འཛིན་ས་ཚིགས་ཁག་གིས་མཉམ་དུ་སྙོམས་སྒྲིག་དང་ཚོད་འཛིན་བྱས་ཡོད་པ་རེད།