《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月28日

2025ལོའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སྨྱན་སྦྱོར་མཉམ་ལས་གླེང་སྟེགས་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལུའོ་དབྱང་ནས་ཟླ་5ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན། 2025ལོའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སྨྱན་སྦྱོར་མཉམ་ལས་གླེང་སྟེགས་ཧོ་ནན་ལུའོ་དབྱང་དུ་འཚོགས་ཤིང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་10ཡི་སྲིད་གཞུང་གི་དཔོན་རིགས་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། སྨྱན་སྦྱོར་གྱི་འཐུས་མི་སོགས་མི་150ལྷག་ཙམ་གླེང་སྟེགས་ལ་ཞུགས་ཡོད་པ་རེད།

ཚོགས་ཞུགས་མི་སྣས“མཐུན་སྦྱོར་དང་མཉམ་བཅོས། ཆ་འཕྲིན་རྫུན་མ་འགོག་པའི་འཛིང་རགས་བརྟན་པོ་སྐྲུན་པ”དང“གོ་སྐབས་དང་བསྐྱར་བཟོ། མི་ཐབས་རིག་ནུས་དུས་རབས་ཀྱི་སྨྱན་སྦྱོར་སྒྱུར་བཅོས”ཞེས་པའི་གྲོས་དོན་ལ་དམིགས་ཏེ། མི་ཐབས་རིག་ནུས་ཀྱི་ལག་རྩལ་ལས་སྨྱན་སྦྱོར་གྱི་སྐྱེ་ཁམས་བཅོས་སྐྱོང་ལ་ཐོབ་པའི་གོ་སྐབས་དང་འཕྲད་པའི་འགྲན་སློང་ལ་བགྲོ་གླེང་བྱས་ཤིང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སྨྱན་སྦྱོར་གྱིས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་དང་གྲངས་འཛིན་དུས་རབས་ཀྱི་སྨྱན་སྦྱོར་སྐྱེ་ཁམས་བཅོས་སྐྱོང་གི་མཉམ་ལས་པ་བྱས་ནས། དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ངོས་འཛིན་བྱས་པ་རེད།