ཉིན་ཤས་གོང“རྒྱལ་སྤྱིའི་ཇའི་ཉིན་མོ”དང་། “ཇ་སྟོན་བཤམས། གནམ་འོག་མཐུན”ཧུའུ་ཀྲི་མིང་གི་རྗེས་ཤུལ་ཀྲུང་ཝེའི་མཛའ་གྲོགས་ཀོང་ཤིས་གསར་བརྗེའི་ཡུལ་སྐོར་ལམ་ཐིག་འོས་སྦྱོར་ངོ་སྤྲོད་བྱེད་སྒོ་ཝེ་ཐེ་ནམ་གྱི་རྒྱལ་ས་ཧ་ནོ་དབྱིར་སྤེལ་བ་རེད། ཇ་ལ་བརྟེན་ནས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་ཝེའི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་བྱེད་པ། ཀོང་ཤིས་དང་ཝེ་ཐེ་ནམ་གྱི་མི་ཆོས་རིག་གནས་སྤེལ་རེས་དང་ཡུལ་སྐོར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཡོད།