《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月21日

མཁའ་འདྲི་ཨང་གཉིས་པའི་འཚོལ་ཞིབ་འཕྲུལ་ཆས་འཕེན་གཏོང་ཁུལ་དུ་དབོར་ཟིན་པ།

འདི་ནི་མཁའ་འདྲི་ཨང་གཉིས་པའི་འཚོལ་ཞིབ་ཡོ་ཆས་འཕེན་གཏོང་ཁུལ་དུ་དབོར་ཟིན་པ།

འདི་ནི་མཁའ་འདྲི་ཨང་གཉིས་པའི་འཚོལ་ཞིབ་ཡོ་ཆས་དབོར་བཞིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་ཆ་འཕྲིན་སྤེལ་བ་ལྟར་ན། ཟླ་5ཚེས་18ཉིན་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱིས་རྒྱུ་སྐར་འཚོལ་ཞིབ་ལས་གྲྭའི་མཁའ་འདྲི་ཨང་གཉིས་པའི་འཚོལ་ཞིབ་འཕྲུལ་ཆས་འཆར་གཞི་བཞིན་ལག་རྩལ་ཁུལ་དུ་ཁྱོན་ཡོངས་ནས་སྒྲིག་སྦྱོར་དང་། ཚོད་ལྟ་བྱེད་པ། འབུད་རྫས་བླུག་པ་སོགས་ཀྱི་ལས་དོན་བསྒྲུབས་ཏེ་འཕེན་གཏོང་ཁུལ་ལ་བདེ་བླག་ངང་དབོར་ཟིན་པ་དང་། མཇུག་ཏུ་འཆར་གཞི་བཞིན་བྱེད་ནུས་ཞིབ་བཤེར་དང་། མཉམ་དུ་ཚོད་ལྟ་བྱེད་པ་སོགས་ཀྱི་ལས་དོན་ཁག་བསྒྲུབས་ནས་ཟླ་ལྔ་པའི་ཟླ་མཇུག་ཏུ་གོ་སྐབས་བཙལ་ནས་འཕེན་གཏོང་བྱེད་འཆར་ཡོད་པ་རེད།

དེ་གོང་། མཁའ་འདྲི་ཨང་གཉིས་པ་འཕེན་གཏོང་གི་ལས་འགན་སྒྲུབ་མཁན་རྒྱང་སྐྱོད་ཨང་གསུམ་པ་རྒྱང་ཚོར་གཉིས་པའི་གཅིག་གཅིག་ཀླད་ཀོར་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དེ་ཟླ་5ཚེས་14ཉིན་བདེ་བླག་ངང་ལག་རྩལ་ཁུལ་ནས་འཕེན་གཏོང་ཁུལ་དུ་དབོར་ཟིན་ཏེ་དཔྱང་སྒྲིག་དང་སྦྲེལ་མཐུད་སོགས་བྱས་ཟིན་པ་རེད།

(པ་སངས་ཚེ་རིང་གིས་སྒྱུར་ཞུས་བྱས)