ཉེ་ཆར། རྒྱལ་ཁབ་གློག་དྲ་བོད་ལྗོངས་ཆེས་མཐོ་གནོན་ཡན་ལག་ཀུང་སི་ལྷ་ས་གློག་བསྒྱུར་ས་ཚིཌ་ཀྱིས་2025ལོའི་དཔྱིད་དུས་ཀྱི་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེན་པོའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བཙུཌ་ཤིང་། “མངོན་མེད་རྐྱེན་ངན་གྲལ་བཤེར་དང་། དག་ཐེར་ལ་སྐུལ་འདེད། བདེ་འཇཌ་འགན་ལེན”བཅས་དམིགས་ཡུལ་དུ་བྱས་ཏེ། སྒྲིག་ཆས་ཀྱི་འཁོར་སྐྱོད་དང་། ས་གནས་ས་ཐོག་གི་ལས་སྒྲུབ། འཕྲལ་སྡོམ་དོ་དམ་སོགས་ཐད་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ་གློག་བསྒྱུར་ས་ཚིགས་བདེ་འཇགས་ངང་འཁོར་སྐྱོད་ཡོང་བར་གཡས་གཞོགས་གཡོན་འདེགས་བྱས་ཤིང་། འདི་ནི་འཁོར་སྐྱོད་ཞིབ་བཤེར་མི་སྣས་འགག་རྩའི་ཁུལ་ཁོངས་སུ་སྒྲིག་ཆས་འཁོར་སྐྱོད་ཀྱི་དཔྱད་གྲངས་དང་། གློག་མཐུད་སྲུང་སྐྱོབ། རང་འགུལ་ཅན་གྱི་མ་ལག་སོགས་ལ་གྲལ་བཤེར་བྱས་ནས་སྒྲིག་ཆས་སྐྱོན་མེད་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་བཞིན་པ།