《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月16日

ཀྲུང་གོའི་སྤྲེའུ་སྤུ་སེར་ཧྥ་རན་སེའི་པོ་ཝ་ལེ་རི་སྐྱེས་སྲོག་ཆགས་གླིང་དུ་བསྟན་པ།

འདི་ནི་པོ་ཝ་ལེ་རི་སྐྱེས་སྲོག་ཆགས་གླིང་དུ་ཡུལ་སྐོར་བས་སྤྲེའུ་སྤུ་སེར་གྱི་འདྲ་བརྙན་རྩེད་ཆས་གྱོན་པའི་ལས་དོན་པ་དང་དྲན་རྟེན་པར་རྒྱག་བཞིན་པ།

འདི་ནི་ཀྲུང་གོའི་སྤྲེའུ་སྤུ་སེར་གསུམ་རྩེད་མོ་རྩེ་བཞིན་པ།

འདི་ནི་ཡུལ་སྐོར་བས་སྤྲེའུ་སྤུ་སེར་པར་རྒྱག་བཞིན་པ། གོང་གི་པར་རིས་ཚང་མ་འདི་ག་ཚགས་པར་གྱི་གསར་འགོད་པ་ཧྲང་ཁའེ་ཡོན་གྱིས་བརྒྱབ།

འདི་ག་ཚགས་པར་ཁང་དུ་ཧྥ་རན་སེའི་གྲོང་ཁྱེར་ཧྲེང་ཨའེ་ཉི་ཨང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོའི་སྤྲེའུ་སྤུ་སེར་3ཧྥ་རན་སེའི་པོ་ཝ་ལེ་རི་སྐྱེས་སྲོག་ཆགས་གླིང་དུ་བསྟན་པ་དང་། གླིང་དེས་ད་དུང་སྤྲེའུ་སྤུ་སེར་ལ་མིང་འདོཌ་པའི་མཛད་སྒོའང་འཚོགས་པ་རེད།

མཛད་སྒོའི་ཐོག་པོ་ཝ་ལེ་རི་སྐྱེས་སྲོག་ཆགས་གླིང་གི་ཡོན་ཀྲང་ལུའུ་ཏའོ་ཧྥུའུ·ཏེ་ལོར་གྱིས་སྤྱི་དམངས་ཀྱིས་དྲ་རྒྱའི་འདེམས་ཤོག་འཕེན་པའི་བྱེད་སྟངས་བརྒྱུད་སྤྲེའུ་སྤུ་སེར་གསུམ་ལ་བདམས་པའི་མིང་གསར་པ་སྟེ“ཅིན་ཏོའུ”དང་། “ཅིན་པའོ”“ཅིན་ཧྭ”བཅས་ཁྱབ་བསྒྲཌ་བྱས་པ་རེད།