《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月14日

བོད་ལྗོངས་ལྷ་རྩེ་རྫོང་དུ་ས་ཡོམ་ རིམ་པ་5.5བརྒྱབ་པ།

གནས་སྐབས་མི་སྣ་ཤི་རྨས་ཀྱི་སྙན་སེང་འབྱོར་མེད་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་5ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་གྱི་ཆུ་ཚོད་5དང་སྐར་མ་11ཙམ་ལ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང(བྱང་གི་འཕྲེད་ཐིག་ཏུའུ་28.91དང་ཤར་གྱི་གཞུང་ཐིག་ཏུའུ་87.54) དུ་ས་ཡོམ་རིམ་པ་5.5བརྒྱབ་པ་རེད། ས་ཡོམ་བརྒྱབ་རྗེས་ལྷ་རྩེ་རྫོང་གིས་འཕྲལ་མར་གྲལ་བཤེར་ལས་དོན་སྤེལ་ཞིང་། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་གིས་གྲལ་བཤེར་རགས་ཙམ་བྱས་པ་ན། མི་སྣ་ཤི་རྨས་ཀྱི་གནས་ཚུལ་ཐོན་མེད་པ་དང་། ཆུ་དང་། གློག ལམ་སོགས་རྨང་གཞིའི་སྒྲིག་བཀོད་རྒྱུན་གཏན་ལྟར་འཁོར་སྐྱོད་ཐུབ་ཀྱི་ཡོད་པ་རེད།

གསར་འགོད་པར་ཡོམ་ལྟེ་དང་ཐག་ཉེ་ཤོས་ཀྱི་མང་ཕུ་ཤང་ནས་ཤེས་རྟོགས་བྱུང་བར། ཆུ་ཚོད་དྲུག་དང་ཕྱེད་ཀའི་བར། མང་ཕུ་ཤང་དུ་གྲལ་བཤེར་ཐེངས་མང་བྱས་པར། མི་སྣ་ཤི་རྨས་ཀྱི་གནས་ཚུལ་ཐོན་མེད་ཅིང་། མིག་སྔར་མང་ཚོགས་ཚང་མ་སྟབས་བདེའི་ཁང་པའི་ནང་བསྡད་ཡོད་པ་དང་། གྲོང་ཚོ་ཁག་གི་ལས་བྱེད་པས་ཁྱིམ་ཚང་རེ་རེ་བཞིན་ཞིབ་བཤེར་བྱས་པ་དང་སྦྲགས་སེམས་གསོ་གཏོང་བཞིན་ཡོད་པ་རེད།

གསར་འགོད་པར་ཤེས་རྟོགས་བྱུང་བར། དེ་གོང་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་རྗེས་མང་ཕུ་ཤང་གི་མང་ཚོགས་ཚང་མ་གནས་སྐབས་སྟབས་བདེའི་ཁང་པའི་ནང་བཀོད་སྒྲིག་བྱས་ཡོད་པ་དང་། ཤང་ཡོངས་ཀྱི་ཉེན་ཡོད་ཁང་པ་སྤྱིར་ན་བཤིག་ཟིན་པས། གནས་སྐབས་སུ་ཁང་པ་ལོག་པའི་གནས་ཚུལ་གསར་པ་ཐོན་མེད་པ་རེད།