《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月14日

ལག་གདང་སྦྲེལ་ནས་མཉམ་དུ་གླུ་དབྱངས་ལེན།

ཟླ་5ཚེས་10ཉིན་གྱི་དགོང་མོར། “ཨུ་རུ་སུ”རྒྱལ་ཁབ་ལྟེ་གནས་སུ་ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་ཨུ་རུ་སུའི་ལོ་ཆུང་བྱིས་པའི་རྩ་འཛུགས“ལས་འགུལ་དང་པོ”ཡིས་གཙོ་གཉེར་བྱས་པའི“ལོ་རྒྱུས་བློ་ལ་ངེས། འབྱུང་འགྱུར་མཉམ་དུ་གཏོད”—ཀྲུང་ཨུའི་གཞོན་ནུ་ལོ་ཆུང་ལག་གདང་སྦྲེལ་བའི་མཉམ་གཞས་ཚོགས་པའི་ཆེད་དོན་འཁྲབ་སྟོན་བྱས་ཤིང་། མཉམ་གཞས་ཚོགས་པའི་ཀྲུང་ཨུའི་གཞོན་ནུ་ལོ་ཆུང་40ཡིས《རེ་བའི་ཞིང་སའི་སྟེང》དང《གཱ་ཆིའུ་ཧྲ》སོགས་གླུ་གཞས་བཏང་བར་ཡུལ་དངོས་ཀྱི་ལྟད་མོ་བ་བརྒྱ་ཕྲག་མང་པོའི་དགའ་བསུ་ཆེན་པོ་ཐོབ་པ་རེད།

འདི་ནི་ཀྲུང་ཨུའི་གཞོན་ནུ་ལོ་ཆུང་ལག་གདང་སྦྲེལ་བའི་མཉམ་གཞས་ཚོགས་པའི་ཆེད་དོན་འཁྲབ་སྟོན་བྱ་ཡུལ་ཡིན་པ།