《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月14日

འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་སྤེལ་འགོ་ཚུགས་པ།

མང་ཚོགས་ཀྱི་བསམ་འཆར་ཆེན་པོ་ཡོད་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱ་རྒྱུ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། འཛད་སྤྱོད་ཁོར་ཡུག་ལེཌ་སུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་དངོས་སུ་སྤེལ་འགོ་ཚུགས་ནས་འཛད་སྤྱོད་མཁོ་སྤྲོད་ཀྱི་སྤུས་ཚད་ལེགས་སུ་གཏོང་བ་དང་། འཛད་སྤྱོད་ཀྱི་སྒྲིག་ལམ་ལེགས་སུ་གཏོང་བ། འཛད་སྤྱོད་ཀྱི་ཁེ་དབང་སྲུང་སྐྱོང་གི་ཕན་འབྲས་ལེགས་སུ་གཏོང་བ། འཛད་སྤྱོད་ཁོར་ཡུག་མཉམ་དུ་བཅོས་སྐྱོང་བྱེད་པ། འཛད་སྤྱོད་ཁོར་ཡུག་སྣེ་འདྲེན་བྱེད་པ་བཅས་ཀྱི་བྱ་སྤྱོད་ཆེན་པོ་ལྔ་སྤེལ་ནས་སྤུས་ཚད་ཀྱི་ཚད་གཞི་དང་། ཡིད་རྟོན་ཚོད་འཛིན། ཕྱོགས་བསྡུས་བཅོས་སྐྱོང་། འཛད་སྤྱོད་ཁེ་དབང་སྲུང་སྐྱོང་སོགས་ཀྱི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་མང་ཚོགས་ཀྱི་བསམ་འཆར་ཆེན་པོ་ཡོད་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ནས་བློ་བདེའི་འཛད་སྤྱོད་ཁོར་ཡུག་བསྐྲུན་རྒྱུ་རེད།

རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་སྣེ་ཁྲིད་དེ་འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་ལ་སྐུལ་འདེད་བཏང་ནས་གཙོ་བོ་ཕྱོགས་དྲུག་ཐད་ཀྱི་ལས་དོན་ལེགས་པར་བསྒྲུབ་རྒྱུ་ཡིན་པ་སྟེ། གཅིག་ནི་ལོ་གསུམ་བྱ་སྤྱོད་ཀྱི་ཚོད་ལྟའི་ལག་བསྟར་ཁུལ་གཏན་འཁེལ་བྱ་རྒྱུ་མངོན་གསལ་དོད་པོས་དམ་འཛིན་བྱས་ནས་ཚོད་ལྟའི་ཁུལ་48ཀྱིས་གཙོ་གནད་ལས་འགན་ཁག་17ལ་དམིགས་ནས་སྔོན་ལ་ཚོད་ལྟ་བྱ་རྒྱུ་དང་། གཉིས་ནི་བློ་བདེའི་འཛད་སྤྱོད་སྡེ་ཚན་དང་འདུ་འཛོམས་ཁུལ་མགྱོགས་མྱུར་བསྐྲུན་ནས་སྲིད་ཇུས་ཀྱི་བྱེད་ཐབས་གཅིག་སྡུད་ཀྱི་གཞི་རྟེན་བསྐྲུན་རྒྱུ། གསུམ་ནི་འཛད་སྤྱོད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། འཛད་སྤྱོད་ཁྱབ་ཁོངས་ཀྱི་ལྟ་འདོམས་ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་འཛད་སྤྱོད་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་བྱ་ཐབས་འཚོལ་ཞིབ་བཅས་བྱ་རྒྱུ། བཞི་ནི་འཛད་སྤྱོད་ཁྱབ་ཁོངས་ཀྱི་ཡིད་རྟོན་མ་ལག་གསར་གཏོད་བྱས་ནས“གྲངས་འཛིན་དང་ཡིད་རྟོན་ཟུང་འབྲེལ”ལ་བརྟེན་ནས“སྐུལ་སློང་དང་ཚོད་འཛིན”ལ་སྐུལ་འདེད་གཏོང་རྒྱུ། ལྔ་ནི་འཛད་སྤྱོད་ཀྱི་རྩོད་གཞི་ཐག་གཅོད་བྱེད་ནུས་ཆེ་རུ་བཏང་ནས་སྔོན་ལ་འདུམ་འགྲིག་དང་སྣ་མང་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་རྒྱུ། དྲུག་ནི་ལོ་གསུམ་བྱ་སྤྱོད་ཀྱི་སྒྲིག་འཛུགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྲིད་གཞུང་གིས་སྤྱི་འདོམས་དང་སྡེ་ཚན་གྱིས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་འཛད་སྤྱོད་ཁོར་ཡུག་བསྐྲུན་པའི་མཉམ་ཤུགས་གཅིག་ཏུ་སྒྲིལ་རྒྱུ་རེད།