《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月14日

དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་ཡག་པོ་སྤྱད་དེ་ད་ལོ་སླར་ཡང་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་བརྒྱད་ཅུ་བསྐྲུན་རྒྱུ་ཡིན་པ།

པེ་ཏ་ཧོང་ཚོགས་པས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲུའུ་ཏ་ཝེ།

ཧེ་ལུང་ཅང་གི་ས་གནས་མི་ཉུང་བ་ཞིག་དང་འདྲ་བར་པེ་ཏ་ཧོང་ཚོགས་པའི་ཅུན་ཁྲོན་ཞིང་རའི་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་3.4སྒྱུར་བཀོད་བྱས་ཟིན། རང་ཉིད་ཀྱིས་འགན་གཙང་བླངས་པའི་ཆུ་ཞིང་མུའུ་220ཡི་སྐོར་གླེང་སྐབས་ཞིང་དུད་ལུའི་ཤན་ཏ་ཡིས་དགའ་ཚོར་ཆེན་པོས“ཚད་གཞི་མཐོ་བའི་ས་ཞིང་བསྐྲུན་པར་བརྟེན་ཐོན་འབབ་ཧ་ཅང་ཡག་པོ་འདུག”ཅེས་བཤད།

ས་ཞིང་ཆུང་ངུ་ནས་ཆེན་པོར་གྱུར་པ། མུའུ་3གྱི་ས་ཞིང་ཆུང་ངུ་མུའུ་18ཀྱི་ས་ཞིང་ཆེན་པོར་གྱུར་པས། ཞིང་ལས་འཕྲུལ་ཆས་ཞིང་ནང་དུ་ལས་ཀ་བྱེད་བདེ་རུ་ཕྱིན་པ་མ་ཟད། ལོ་ལྟར་འཕྲུལ་རྨོད་ཀྱི་དངུལ་དང་མི་གླ་སྒོར་1800ཙམ་གྲོན་ཆུང་ཐུབ་པ་དང་ལྗང་འདེབས་ཀྱང་ཉིན་གཅིག་གི་སྔ་སྣུར་དུ་ཚར་གྱི་ཡོད།

རྣང་རི་རྨོ་ཞིང་ལ་སྒྱུར་བཀོད་བྱས་པ། གཞི་ཁྱོན་ཅན་གྱི་རྣང་རིར་སྒྱུར་བཀོད་བྱས་པར་བརྟེན་རྨོ་འདེབས་ཀྱི་རྒྱ་ཁྱོན་མུའུ་3.2མང་དུ་ཕྱིན་པ་དེར་སྔོན་དཔག་བྱས་ན། ཆུ་འབྲས་རྒྱ་མ་4000ཐོན་འཕར་ཡོང་རྒྱུ་རེད།

གཞུང་ལམ་དེ་བདེ་ལ་འཁོད་སྙོམ་པ། “ཞིང་ལས་འཕྲུལ་ཆས་ཞིང་ནང་དུ་སྐོར་ནས་སྐྱོད་མི་དགོས་པ་དང་སྤྱི་ལེ་1.5ཉུང་བ་སྐྱོད་དགོས་པས་དུས་ཚོད་མང་པོ་གྲོན་ཆུང་ཐུབ་ཀྱི་འདུག”ཅེས་ལུའི་ཤན་ཏ་ཡིས་བཤད།

སྔོན་མ་ས་ཞིང་སྒྱུར་བཀོད་གཞི་ཁྱོན་ཆུང་བ་དང་ད་ཆ་གཞི་ཁྱོན་ཆེན་པོས་ས་ཞིང་སྒྱུར་བཀོད་བྱས་ཡོད”ཅུན་ཁྲོན་ཞིང་རའི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་ཀྱི་འགན་འཁུར་བ་ཝང་ཀྲུང་ཅུན་གྱིས། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་9495བཏང་བའི་ནང་། དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་མ་དངུལ་སྒོར་ཁྲི་9020རྒྱབ་སྐྱོར་བྱས་པ་དང་ལྷག་མ་རྣམས་ཞིང་རས་བཏང་ཡོད། མིག་སྔར། ཞིང་རའི་ཞིང་ནང་གི་ལམ་ཤར་སྐྱོད་ཐུབ་ཚད་100%ཟིན་ཡོད་ཅེས་ངོ་སྤྲོད་བྱས།

ན་ནིང་པེ་ཏ་ཧོང་ཚོགས་པས་རྒྱལ་བུན་མ་དངུལ་གང་ལེགས་སྤྱད་དེ་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་ལས་འགན་མུའུ་ཁྲི་400དོན་འཁྱོལ་བྱས་ནས་གཙོ་བོ་ས་ཞིང་བཅོས་སྐྱོང་དང་། ཆུ་བེད་སྒྲིག་བཀོད་རིམ་སྤོར། གྲངས་འཛིན་ས་ཞིང་འཛུགས་སྐྲུན་སོགས་ཀྱི་ལས་དོན་བསྒྲུབས་ཡོད།

ས་ཆུ་ཤོར་སླ་བའི་རྨོ་ཞིང་བཅོས་སྐྱོང་བྱེད་ཤུགས་དེ་བས་ཆེ་རུ་ཕྱིན་ཡོད།

པེ་ཏ་ཧོང་ཚོགས་པའི་ཧུང་ཤིན་ཞིང་རར་རི་མ་ཐང་གི་ས་ཆས་བརྒྱ་ཆ་གསུམ་ཙམ་བཟུང་ཡོད་པས་ས་ཆུ་ཤོར་བའི་གནད་དོན་ཚབས་ཆེན་པོ་ཡོད། ད་ལོའི་དཔྱིད་རྨོད་རིང་། ཧུང་ཤིན་ཞིང་རས་སོག་མ་སྤྱོད་པ་དང་ས་རྒྱོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་བརླན་ཞོད་སླ་བའི་ས་ཞིང་27ཉམས་གསོ་དང་ཆུས་འཁྱེར་སླ་བའི་རོང་ས་3ཉམས་གསོ་བྱས་པ་མ་ཟད། རྨོ་ཞིང་མུའུ་བརྒྱ་ལྷག་ཙམ་སླར་གསོ་བྱས་ཡོད།

“རྒྱལ་བུན་མ་དངུལ་གྱི་རྒྱབ་སྐྱོར་འོག་ཆུ་དང་། རྫས་ལུད། ས་རྒྱུ་བཅས་ཀྱི་ཆེད་དུ་ཡར་རྒྱུགས་མར་རྒྱུགས་བྱེད་པ་དེ་ཆུ་དང་། རྫས་ལུད། ས་རྒྱུ་བཅས་འགན་ལེན་བྱེད་པར་འགྱུར་རེ་ཡོད”ཅེས་ཧུང་ཤིན་ཞིང་རའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཡོན་ལིན་གྱིས་འབྱུང་འགྱུར་ལ་རེ་སྒུག་བྱེད་བཞིན་བཤད།

290ཞིང་རའི་ཞིང་ལས་ཐོན་སྐྱེད་པུའི་སྤྱི་ཁྱབ་ཅིང་ལི་ལི་ཀོང་མའོ་ཡིས། རྒྱལ་བུན་མ་དངུལ་གྱི་རྒྱབ་སྐྱོར་ལ་བརྟེན་ནས་ང་ཚོས་ཞིང་རར་ཆུ་ལུད་གཞི་གཅིག་ཅན་སོགས་ཀྱི་ལག་རྩལ་ཕྱོགས་བསྡུས་བེད་སྤྱོད་བྱས་པས་མ་རྨོས་ལོ་ཏོག་གི་མུའུ་རེའི་ཐོན་ཚད་རྒྱ་མ་60ཙམ་འཕར་ཡོད་ཅེས་ངོ་སྤྲོད་བྱས།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

པེ་ཏ་ཧོང་ཚོགས་པ་ནི་ཧེ་ལུང་ཅང་ཞིང་ཆེན་གྱིས་སྤུས་ཚད་མཐོ་པོས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བསྡུས་རིས་ཤིག་རེད། “2024ལོར་ཚོགས་པའི་ཞིང་ར་ཁག་གི་ལས་སྒྲུབ་ཀྱི་ལས་ཕྱོད་དང་། མུའུ་རེའི་ཆ་སྙོམས་ཐོན་འབབ། མུའུ་རེའི་ཆ་སྙོམས་འབབ་འཕར་སོགས་ཀྱི་དམིགས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད” པེ་ཏ་ཧོང་ཚོགས་པའི་ཞིང་ལས་འཕེལ་རྒྱས་པུའུ་ཡི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་འགན་འཁུར་བ་ཀའོ་དབྱང་གིས་ད་ལོ་པེ་ཏ་ཧོང་ཚོགས་པས་སླར་ཡང་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་80སྐྲུན་གྱི་ཡིན་ཞེས་ངོ་སྤྲོད་བྱས།

2024ལོའི་ལོ་མཇུག་བར། ཧེ་ལུང་ཅང་དུ་ཚད་གཞི་མཐོ་བའི་ས་ཞིང་མུའུ་དུང་ཕྱུར་1.2ཙམ་བསྐྲུན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ད་ལོ་དུས་ཡུན་རིང་བའི་དམིགས་བསལ་རྒྱལ་བུན་མ་དངུལ་གྱི་རྒྱབ་སྐྱོར་འོག ཧེ་ལུང་ཅང་གིས་ད་དུང་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་1169བསྐྲུན་རྒྱུ་རེད། (པ་སངས་ཀྱིས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)