ཟླ་5ཚེས་12ཉིན་ནི་རྒྱལ་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཉིན་མོ་ཐེངས་17པ་ཡིན་ཞིང་། ཉེ་ཆར་ས་གནས་ཁག་གིས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས་སློབ་གསོ་དང་ནང་སྦྱོང་གསོ་སྦྱོང་གི་བྱེད་སྒོ་སྣ་ཚོགས་སྤེལ་ནས་མི་རྣམས་ཀྱིས་ཚན་རིག་དང་མཐུན་པའི་གནོད་འཚེ་སྔོན་འགོག་གི་འདུ་ཤེས་ཟབ་ཏུ་དང་གནོད་འཚེ་ཐོན་སྐབས་ཀྱི་རང་སྐྱོབ་ནུས་པ་ཆེ་རུ་བཏང་ཡོད། འདི་ནི་ཟླ་5ཚེས་9ཉིན། ཀྲེ་ཅང་ཞིང་ཆེན་ཝུའུ་དབྱི་རྫོང་མེ་གསོད་རུ་ཆེན་གྱི་རོགས་སྐྱོབ་མི་སྣས་ཝུའུ་དབྱི་རྫོང་ཚོད་ལྟའི་སློབ་ཆུང་གི་སློབ་མར་རང་སྐྱོབ་ཐག་པ་སྤྱོད་སྟངས་བསླབ་བཞིན་པ།