འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་གསལ། བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་ལག་བསྟར་ཡང་དག་པ་དང་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་བ་དང་། བཟའ་བཅའི་བདེ་འཇགས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། བཟའ་བཅའི་བདེ་འཇགས་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་བཅས་བྱ་ཆེད། ཚེས་9ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་དངོས་སུ་བྱེད་འགོ་ཚུགས་པ་རེད།
བཟའ་བཅའི་བདེ་འཇཌ་བཅའ་ཁྲིམས་དེ་2009ལོར་ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་དང་འབྲེལ། 2015ལོར་ཁྱོན་ཡོངས་ནས་བཟོ་བཅོས་བརྒྱབ་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་2009ལོ་དང་། 2011ལོ། 2016ལོ་བཅས་སོ་སོར་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་བྱས་པ་རེད།
ཚེས་9ཉིན་གསར་འགོད་པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཟའ་བཅའི་བདེ་འཇཌ་བཅའ་ཁྲིམས་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོ་ནས་ཤེས་རྟོཌ་བྱུང་བ་ལྟར་ན། བཅའ་ཁྲིམས་ལག་བསྟར་ཐད་གནས་པའི་གནད་དོན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱ་ཆེད། ད་ཐེངས་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་ཐད་ས་གནས་ལ་བསྐྱོད་ནས་ཞིབ་བཤེར་དང་ཞིང་ཆེན་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་མངགས་ནས་ཞིབ་བཤེར་བྱ་རྒྱུ་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ། ཞིབ་བཤེར་ཚོགས་ཆུང་གིས་ཧེ་ལུང་ཅང་དང་། ཧྲང་ཧའེ། ཅང་ཤིས། ཧོ་ནན། ཀོང་ཤིས། ཀན་སུའུ་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱེད་པ་མ་ཟད། ཐེན་ཅིན་དང་། ལེའོ་ཉིང་། ཨན་ཧུའེ། ཧུའུ་པེ། ཀུའེ་ཀྲོའུ། མཚོ་སྔོན་སོགས་ཞིང་ཆེན(གྲོང་ཁྱེར)གྱི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་མངགས་ནས་སྲིད་འཛིན་ས་ཁོངས་དེ་གའི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུ་རེད། ས་གནས་ས་ཐོག་གི་ཞིབ་བཤེར་ལས་དོན་ཐད་ས་གནས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱི་སྙན་སེང་ཉན་པ་དང་། བཞུགས་མོལ་ཚོགས་འདུ་ཚོགས་པ། ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱེད་པ། སྐབས་བསྟུན་འཐེན་བཤེར་བྱེད་པ་སོགས་བྱེད་ཐབས་སྣ་ཚོགས་དང་ཟུང་འབྲེལ་བྱས་ཏེ་བཅའ་ཁྲིམས་ལག་བསྟར་གྱི་དངོས་ཡོད་གནས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱ་རྒྱུ་མ་ཟད། བཅའ་ཁྲིམས་ལག་བསྟར་བྱེད་རིང་གནས་པའི་གནད་དོན་གཙོ་བོ་ཞིབ་བཤེར་གསལ་པོ་བྱ་རྒྱུ་རེད།
ཞིབ་བཤེར་ཚོགས་ཆུང་གིས་བཟའ་བཅའི་བདེ་འཇཌ་ཐད་སྲིད་གཞུང་གི་གཙོ་གཉེར་སྡེ་ཚན་དང་འབྲེལ་ཡོད་ཚན་པའི་འགན་འཁྲི་དོན་འཁྱོལ་བྱས་ཚུལ་དང་། བཟའ་བཅའི་བདེ་འཇཌ་ཀྱི་ཉེན་ཁ་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་མ་ལག་བཟོས་ཚུལ། བཟའ་བཅའི་བདེ་འཇཌ་ཚད་གཞིའི་མ་ལག་བཟོས་ཚུལ། བཟའ་བཅའ་ཐོན་སྐྱེད་དང་གཉེར་སྐྱོང་མཁན་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཚུལ། སློབ་གྲྭ་སོགས་ཀྱི་བཟའ་བཅའི་བདེ་འཇགས་ལ་ལྟ་འདོམས་བྱས་ཚུལ། བཟའ་བཅའ་ཕྱིར་གཏོང་ནང་འདྲེན་ཐད་ལྟ་འདོམས་བྱས་ཚུལ། དྲ་རྒྱའི་ལས་སྟེགས་ཀྱི་བཟའ་བཅའི་བདེ་འཇགས་ལ་ལྟ་འདོམས་བྱས་ཚུལ། བཅའ་ཁྲིམས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཚུལ་དང་དེ་བཞིན་བཅའ་ཁྲིམས་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གྲོས་འགོ་བཅས་ཕྱོགས་བརྒྱད་ཀྱི་ནང་དོན་ལ་གཙོ་གནད་དུ་ཞིབ་བཤེར་བྱ་རྒྱུ་རེད།
(བསོད་བདེ་ཆེ་བས་བསྒྱུར། པ་སངས་སྒྲོན་ལགས་ཀྱིས་ཞུས)