⇑ འདི་ནི་2025ལོའི་ཟླ་5ཚེས་7ཉིན་ཧེ་ཧོ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་གྲུ་ཁར་རྒྱལ་ཁོངས་ཀྲུང་གོ་ནས་ཡིན་པའི་འགྲུལ་པའི་རྒྱལ་གྲོལ་ལམ་ཡིག་ལ་བསྐྱར་དུ་ཞིབ་བཤེར་བྱེད་བཞིན་པ།
ཟླ་5ཚེས་7ཉིན། རྒྱལ་ཁོངས་ཀྲུང་གོ་ནས་ཡིན་པའི་འགྲུལ་པ་147ཧེ་ཧོ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་ཉེན་རྟོག་པའི་ལྟ་སྲུང་དང་ཁྲིད་སྟོན་འོག “ལུང་ཁེ་203”འགྲུལ་སྐྱེལ་གྲུ་གཟིངས་བསྡད་ནས་བདེ་བླག་ངང་རྒྱལ་མཚམས་སྒྲོལ་བ་དང་། ཧེ་ཧོ་ཆུ་ཐོག་སྐྱེལ་འདྲེན་འགྲུལ་པའི་ཞིབ་བཤེར་འགག་སྒོ་ནས་ཨུ་རུ་སུའི་པུའུ་ལ་ཀེ་ཝུའེ་ཧྲེན་སི་ཁེ་གྲོང་ཁྱེར་འགག་སྒོ་བར་གྱི་འགྲུལ་སྐྱེལ་གྲུ་གཟིངས་ཀྱིས་འཁྱགས་པ་བཞུར་རྗེས་དངོས་སུ་སྐྱེལ་འདྲེན་བྱེད་འགོ་ཚུགས་པ་རེད།
⇑ འདི་ནི་2025ལོའི་ཟླ་5ཚེས་7ཉིན་ཧེ་ཧོ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་འགྲུལ་སྐྱེལ་གྲུ་གཟིངས་ཐོག་མ་བསྡད་ནས་རྒྱལ་མཚམས་སྒྲོལ་མཁན་འགྲུལ་པར་ལྟ་སྲུང་བྱེད་བཞིན་པ།