《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月08日

སྤེན་པ་སྒྲོལ་དཀར་གྱིས་སློབ་མ་ཁྲི་3.6གི་ལས་ཞུགས་ལས་གཏོད་ཀྱི་ཕུགས་འདུན་སྒྲུབ་རོགས་བྱས་པ།

འདི་ནི་སྤེན་པ་སྒྲོལ་དཀར(གཡས)དང་སློབ་སྤྱི་གཞོན་པ་ཕུར་བུ་ཚེ་རིང་གིས་འཚེམ་བཟོའི་འཛིན་གྲྭའི་སློབ་མས་བཙེམས་པའི་རས་ཆས་ལ་ལྟ་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བརྒྱབ།

སློབ་གྲྭའི་སྒོ་འགྲམ་དུ་ལངས་པའི་སྤེན་པ་སྒྲོལ་དཀར་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བརྒྱབ།

ལོ་39ལ་སླེབས་པའི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་སྤེན་པ་སྒྲོལ་དཀར་ནི་བོད་ལྗོངས་དེང་རབས་ཞབས་ཞུའི་ལས་རིགས་ལག་ཤེས་པའི་སློབ་གྲྭའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་སློབ་སྤྱི་ཡིན། སློབ་གྲྭ་བཙུགས་པའི་ལོ་དེར་སྤེན་པ་སྒྲོལ་དཀར་ལོ་20སོན་ཙམ་རེད། ཁོང་གིས་རྩལ་ནུས་གསོ་སྦྱོང་ལ་བརྟེན་ནས་ལག་རྩལ་མེད་པ་དང་། གླ་ཕོགས་དམའ་བ། རི་ཁུག་ནས་དོན་མི་ཐུབ་པ། ཁྱིམ་ཚང་གསོ་མི་ཐུབ་པ་བཅས་ཀྱི་གྲོང་གསེབ་ཀྱི་ཕྲུ་གུ་ཁག་གཅིག་གི་གནས་ཚུལ་ལ་འགྱུར་ལྡོག་གཏོང་ཐུབ་རེ་བྱེད་ཀྱི་ཡོད། ལོ་19ཡི་རིང་ཁོང་གི་སྣེ་ཁྲིད་འོག་བོད་ལྗོངས་དེང་རབས་ཞབས་ཞུའི་ལས་རིགས་ལག་ཤེས་པའི་སློབ་གྲྭ་ཟམ་མི་ཆད་པར་འཕེལ་རྒྱས་དང་སྟོབས་ཆེར་སོང་ནས། ལྗོངས་ཡོངས་ཀྱི་མི་སྤྱོད་ཚན་པ་50ལྷག་ཙམ་དང་མཉམ་ལས་ཀྱི་འབྲེལ་བ་ཡག་པོ་བཙུགས་པ་དང་། ལས་རིགས་ཁག་གི་རྩལ་ནུས་ཤེས་ལྡན་པ་ཁྲི་3.6ལྷག་ཙམ་གསོ་སྦྱོང་བྱས་པ་མ་ཟད། མ་དངུལ་གྲབས་གསོག་བྱས་ཏེ“ཕུགས་བསམ་དད་སེམས་སློབ་གསོ་ལག་ལེན་རྟེན་གཞི་+མཐུན་ཚོགས་ལས་གཏོད་རོགས་སྐྱོར་རྣམ་གྲངས”23བཙུགས་ནས་གཞོན་ནུའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བཏང་ཡོད། ད་ཆ་སློབ་གྲྭ་དེ་བོད་རང་སྐྱོང་ལྗོངས་ཀྱི་ཉིན་གང་ལམ་ལུགས་ཀྱི་དམངས་བཙུགས་ལག་ཤེས་པའི་སློབ་གྲྭ་ཁག་དང་པོ་དང་ལས་རིགས་སློབ་གསོ་འཛུགས་སྐྲུན་གྱི་གཙོ་གནད་སློབ་གྲྭ་ཞིག་ཏུ་གྱུར་ཡོད།