《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月07日

ལྔ་གཅིག་ངལ་གསོའི་རིང་ཡུལ་སྐོར་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་ཆེས་ཆེར་འཕེལ་བ།

ལྔ་གཅིག་ངལ་གསོའི་རིང་། ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་རྫས་བཏོན་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་ཚན་རྩལ་གྱི་མཐུན་རྐྱེན་སྦྱོར་བར་ཤུགས་བརྒྱབ་ཐོག དོ་དམ་གྱི་ཆུ་ཚད་དང་ཞབས་འདེགས་ཞུ་ནུས་ལེགས་སུ་བཏང་བས་ཡུལ་སྐོར་འཛད་སྤྱོད་ལ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་ཐུབ་ཡོད།

འདི་ནི་ཟླ་5ཚེས་5ཉིན་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་ཝུའུ་ཧྭ་ཆུས་དམག་སྦྱོང་དཀྱིལ་ལམ་དུ་ཡུལ་སྐོར་བ་མང་པོ་ལྗོངས་གཟིགས་རླངས་འཁོར་ཆེན་པོར་བསྡད་དེ་མེ་ཏོག་གིས་ཡོངས་སུ་ཁེངས་པའི་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་བཞིན་པ།