ཤིན་ཧྭ་གསར་འགྱུར་ཁང་ཤང་ཀང་ནས་གློག་འཕྲིན་འབྱོར་གསལ། ཚེས་22ཉིན། འགུལ་རིས་གློག་བརྙན《བདུད་ཕྲུག་ནེ་ཏྲས་ཀླུ་ཡུལ་དཀྲུག་པ》(གཤམ་དུ《ནེ་ཏྲ་2》ཞེས་བསྡུ་རྒྱུ)ཤང་ཀང་དང་ཨའོ་མོན་དུ་སྟོན་འགོ་ཚུགས་ཚུན། སྤ་སེ་བཙོངས་པའི་ཟིན་ཐོ་ཡང་ཡང་བཏོད་ནས་ཚེས་24ཉིན་གྱི་ཕྱི་དྲོའི་ཆུ་ཚོད་5དང་སྐར་མ་30བར་ཤང་ཀང་དང་ཨའོ་མོན་ས་ཁུལ་དུ་སྤ་སེ་བཙོངས་ཚད་ཤང་ཀང་གི་སྒོར་མོ་ཁྲི་1500ལས་བརྒལ་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། གློག་བརྙན་དེ་ཤང་ཀང་དང་ཨའོ་མོན་དུ་སྟོན་ཐེངས་དང་པོར་སྤ་སེ་བཙོངས་ཚད་ཤང་ཀང་གི་སྒོར་མོ་ཁྲི་657ཟིན་ནས་ཤང་ཀང་དང་ཨའོ་མོན་གྱི་གློག་བརྙན་ལོ་རྒྱུས་ཐོག་འགུལ་རིས་གློག་བརྙན་གྱི་སྤ་སེ་བཙོངས་ཚད་ཨང་དང་པོ་དང་ནང་སའི་གློག་བརྙན་གྱི་སྤ་སེ་བཙོངས་ཚད་ཨང་དང་པོར་གྱུར་རྗེས། གཟའ་མཇུག་དང་པོར་སྤ་སེ་བཙོངས་ཚད་ཤང་ཀང་གི་སྒོར་མོ་ཁྲི་1337ལས་བརྒལ་ནས་ཤང་ཀང་དང་ཨའོ་མོན་ས་ཁུལ་གྱི་གཟའ་མཇུག་དང་པོའི་སྤ་སེ་བཙོངས་ཚད་ཨང་དང་པོར་གྱུར་ཡོད་པ་རེད།