《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月26日

2025ལོའི“དྭངས་གཙང”རིམ་སྤེལ་ཆེད་དོན་བྱ་སྤྱོད་ཀྱིས་དྲ་རྒྱའི་ཁོར་ཡུག་ཚད་ལྡན་དང་ལེགས་སུ་སྔར་བས་གཏོང་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པས་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར། ཉེ་བའི་ལོ་ཤས་རིང་། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས“དྭངས་གཙང”རིམ་སྤེལ་ཆེད་དོན་བྱ་སྤྱོད་བཀོད་སྒྲིག་རྒྱུན་མཐུད་བྱས་ནས་དུས་ཚོད་དང་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་དྲ་ཐོག་གི་ཟང་ཟིང་གནད་དོན་སྣ་ཚོགས་ལ་རྡུང་རྡེག་དང་སྒྲིག་འགལ་ལས་སྟེགས་དང་རྩིས་ཐོ་ཐག་གཅོད་ནན་པོ་བྱས་པར། དགེ་མཚན་ལྡན་པའི་ཕན་འབྲས་ཐོན་པ་དང་ཟིལ་ཤུགས་ནུས་ལྡན་ཞིག་ཆགས་ཡོད། 2025ལོར“དྭངས་གཙང”རིམ་སྤེལ་ཆེད་དོན་བྱ་སྤྱོད་ཀྱིས་བཅོས་སྐྱོང་གི་ཕན་འབྲས་སྲ་བརྟན་དང་ལེགས་སུ་སྔར་བས་གཏོང་རྒྱུ་རེད།