འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་21ཉིན། པེ་ཅིང་གི་རྐྱང་གཟུགས་གཞི་ཁྱོན་ཆེ་ཤེས་དང་། ནུས་པ་འཐུས་སྒོ་ཚང་ཤོས། ལག་རྩལ་སྔོན་ཐོན་ཆེ་ཤོས་བཅས་ཀྱི་ཕྱོགས་བསྡུས་ཚོགས་འགྲེམས་ཁང་ཆེན་ཏེ། རྒྱལ་སའི་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས(རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་གསར་པའི་དུས་ཐེངས་གཉིས་པ)དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ་དང་འབྲེལ། ཚད་གཞི་མཐོ་བའི་འགྲེམས་སྟོན་ཐོག་མ་སྟེ། ཀྲུང་གོ་རྒྱལ་སྤྱིའི་རླངས་འཁོར་གྱི་མཁོ་ཆས་དང་སྒྲིག་ཆས་འགྲེམས་སྟོན་འདུ་ཚོགས་སྐབས་སོ་དྲུག་པ་དང་ཀྲུང་གོ་རྒྱལ་སྤྱིའི་ནུས་རྒྱུ་གསར་པའི་རླངས་འཁོར་ལག་རྩལ་དང་། ལྷུ་ལག་ཆེ་ཆུང་། དེ་བཞིན་ཞབས་ཞུ་བཅས་ཀྱི་འགྲེམས་སྟོན་འདུ་ཚོགས་འཚོགས་པ་རེད།
(ཟླ་བ་ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)