《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月23日

སྔོན་དཔག་བྱས་ན་2025ལོར་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་1300ལྷག་ཙམ་ཟིན་རྒྱུ་ཡིན་པ།

“འཁོར་ལམ་ཐོག་གི་འབྲི་ཆུའི་ཟུར་གསུམ་ཁུལ”འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་ཧྲང་ཧའེ་ནས་ཟླ་2ཚེས་20ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གོ་ལྕགས་ལམ་ཧྲང་ཧའེ་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར། 2025ལོར་འབྲི་ཆུའི་ཟུར་གསུམ་ཁུལ་དུ་ཧང་ཆུས་མྱུར་བགྲོད་ལྕགས་ལམ་དང་ཀྲེན་ཅང་དོས་ཁང་ཤར་མ་སོགས་རྣམ་གྲངས་4བསྐྲུན་ནས་གཉེར་སྐྱོང་བྱེད་རྩིས་ཡོད་པ་དང་། ལིའུ་ཆིང་ལྕགས་ལམ་དང་ཧྲང་ཡོན་མོན་གཙང་སྒྲོལ་བགྲོད་ལམ་སོགས་རྣམ་གྲངས་2ལས་འགོ་འཛུགས་རྩིས་ཡོད་པ་རེད། ཧོའེ་སུའུ་པུང་གྲོང་འབྲེལ་ལྕགས་ལམ་དང་། ཉིང་ཧོའེ་གྲོང་འབྲེལ་ལྕགས་ལམ། ཅིན་ཅན་ལྕགས་ལམ་སོགས་སྐྲུན་བཞིན་པའི་རྣམ་གྲངས་32ལ་སྐུལ་འདེད་གཏོང་བ་དང་། དབུན་ཧྥུའུ་མྱུར་བགྲོད་ལྕགས་ལམ་དང་ཧྲང་ཧའེ་ཀྲ་ཧང་མྱུར་བགྲོད་ལྕགས་ལམ་སོགས་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་སྐུལ་འདེད་གཏོང་བ། ལོ་འཁོར་གྱི་འཛུགས་སྐྲུན་ལ་མ་དངུལ་གཏོང་ཚད་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་1300ལྷག་ཙམ་ཟིན་པ་དང་། སྐྲུན་བཞིན་པའི་མ་འཇོག་གི་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་8000ཡན་རྒྱུན་འཁྱོངས་ཐུབ་པ་བྱས་ནས“འཁོར་ལམ་ཐོག་གི་འབྲི་ཆུའི་ཟུར་གསུམ་ཁུལ”འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུ་ཡིན་པ་རེད།

2025ལོར། འབྲི་ཆུའི་ཟུར་གསུམ་ཁུལ་ལྕགས་ལམ་གྱི་གཙོ་གནད་དང་དཀའ་གནད་ཆེ་བའི་ལས་གྲྭ་མང་པོར་སྐུལ་འདེད་གཏོང་བའི་དུས་མཚམས་སུ་སླེབས་ཡོད། ཧྲང་ཧའེ་དང་། ཁྲུང་ཆིང་། ཁྲེང་ཏུའུ་བཅས་ཀྱི་འབྲི་ཆུའི་རྒྱུད་ཀྱི་མྱུར་བགྲོད་ལྕགས་ལམ་གྱི་ཁྲུང་ཐའེ་འབྲི་ཆུའི་ཕུག་ལམ་དང་ཡན་དབྱི་མྱུར་བགྲོད་ལྕགས་ལམ་གྱི་གཙང་སྒྲོལ་བགྲོད་ལམ་སོགས་ཕུག་ལམ་དྲུག་གི་སོར་འབིགས་ཨར་ལས་དུས་མཚུངས་སུ་སྤེལ་བ་དང་། ཁྲའོ་མཱ་གྲོང་འབྲེལ་དང་ཅིན་ཅན་སོགས་ལྕགས་ལམ་གྱི་དམིགས་བསལ་ཕུག་སྒྲོལ་ཟམ་པ་906གི་ཨར་ལས་ལ་གཅིག་སྡུད་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

ཧྲང་ཧའེ་ལྕགས་ལམ་ཚོགས་པས་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ལྕགས་ལམ་འཛུགས་སྐྲུན་དང་གཉེར་སྐྱོང་དོ་དམ་གྱི་འགན་འཁུར་རྒྱུ་དང་། འདི་ལོའི་ཟླ་བ་དང་པོར་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ལྕགས་ལམ་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་51.72བཏང་ཟིན་པ་རེད།