《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年02月23日

ན་ནིང་ལོ་མཇུག་ཏུ་ཀུན་ཕན་རྣམ་པའི་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་ལྷག་གྲངས་དུས་མཚུངས་ལས་14.7%འཕར་བ།

2024ལོའི་དུས་ཚིགས་བཞི་པའི་དུས་མཇུག་ཏུ་དངུལ་ཁང་ལས་རིགས་དངུལ་རྩའི་སྒྲིག་གཞིས་ཕྲན་ཚེགས་ཁེ་ལས་ལ་སྤྱད་པའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་81.4ཟིན་པའི་ནང་ཁེར་རྐྱང་ཚོང་དུད་ལ་ཡིད་རྟོན་དངུལ་བུན་བཏང་བའི་བསྡོམས་འབོར་སྒོར་ཁྲི་1000དང་དེ་མན་གྱི་ཀུན་ཕན་རྣམ་པའི་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་33.3ཟིན་པ་དེ་དུས་མཚུངས་ལས་14.7%འཕར་ཡོད།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན། རྒྱལ་ཁབ་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་གྲངས་གཞི་ཁྱབ་བསྒྲགས་བྱས་པར། 2024ལོའི་དུས་ཚིགས་བཞི་པའི་དུས་མཇུག་ཏུ་དངུལ་ཁང་ལས་རིགས་དངུལ་རྩའི་སྒྲིག་གཞིས་ཕྲན་ཚེགས་ཁེ་ལས་ལ་སྤྱད་པའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་81.4ཟིན་པའི་ནང་ཁེར་རྐྱང་ཚོང་དུད་ལ་ཡིད་རྟོན་དངུལ་བུན་བཏང་བའི་བསྡོམས་འབོར་སྒོར་ཁྲི་1000དང་དེ་མན་གྱི་ཀུན་ཕན་རྣམ་པའི་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་33.3ཟིན་པ་དེ་དུས་མཚུངས་ལས་14.7%འཕར་ཡོད།

2024ལོའི་དུས་ཚིགས་བཞི་པའི་དུས་མཇུག་ཏུ་རང་རྒྱལ་གྱི་དངུལ་ཁང་ལས་རིགས་དངུལ་རྩའི་སྒྲིག་གཞིའི་རང་དངུལ་དང་ཕྱི་དངུལ་གྱི་རྒྱུ་ནོར་དངུལ་འབོར་སྒོར་དུང་ཕྱུར་ཁྲི་444.6ཟིན་པ་དེ་དུས་མཚུངས་ལས་6.5%འཕར་བ་དང་། འགན་བཅོལ་ཀུང་སི་དང་འགན་བཅོལ་རྒྱུ་ནོར་དོ་དམ་ཀུང་སིའི་རྒྱུ་ནོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་35.9ཟིན་པ་དེ་ལོ་འགོ་དང་བསྡུར་ན་སྒོར་དུང་ཕྱུར་ཁྲི་4.4འཕར་ནས་13.9%འཕར་ཡོད།