《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月21日

ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཐོངས་མཆན་མི་དགོས་པའི་ཡུལ་སྐོར་ཚོགས་པ་དང་པོ་ཡུན་ནན་དུ་འབྱོར་བ།

འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་ཟླ་2ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་གྱི་ཕྱི་དྲོར། ལོ་སི་དང་ཐེ་ལན་སོགས་རྒྱལ་ཁབ་ནས་ཡོང་བའི་མི་15ལས་གྲུབ་པའི་ཡུལ་སྐོར་ཚོགས་པ་མོ་ཧན་འགག་སྒོ་བརྒྱུད་རྒྱལ་མཚམས་ནང་འཛུལ་རྗེས། ཡུན་ནན་ཤིས་ཧྲོང་པན་ནཱར་ཡུལ་སྐོར་བྱེད་མཁན་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཐོངས་མཆན་མི་དགོས་པའི་ཡུལ་སྐོར་ཚོགས་པ་དང་པོར་གྱུར་ཡོད། (སྐལ་མཆོག་གིས་བསྒྱུར། སྤེན་ཚེས་ཞུས)