《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月21日

《གཉེར་སྐྱོང་བྱེད་པོའི་ཐོ་འགོད་ཡིག་ཚགས་དོ་དམ་བྱ་ཐབས》ཟླ་3ཚེས་20ཉིན་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་18ཉིན་གློག་འཕྲིན་འབྱོར་གསལ། གཉེར་སྐྱོང་བྱེད་པོའི་ཐོ་འགོད་ཡིག་ཚགས་ཚད་ལྡན་ཅན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། ཐོ་འགོད་ཡིག་ཚགས་སྲུང་སྐྱོང་དང་བེད་སྤྱོད་ནུས་ལྡན་བྱས་ནས་གཉེར་སྐྱོང་བྱེད་པོ་ས་ཁོངས་བསྒྲལ་ཏེ་སྤོ་སྒྱུར་བྱེད་བདེ་པོ་ཡོང་ཆེད། ཉེ་ཆར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་དང་རྒྱལ་ཁབ་ཡིག་ཚགས་ཅུས་ཀྱིས་མཉམ་འབྲེལ་ཐོག《གཉེར་སྐྱོང་བྱེད་པོའི་ཐོ་འགོད་ཡིག་ཚགས་དོ་དམ་བྱ་ཐབས》བཟོས་པ་དང་། ཟླ་3ཚེས་20ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

བྱ་ཐབས་ནང་ཐོ་འགོད་ཡིག་ཚགས་དོ་དམ་ཐད་ཚད་གཞི་གཅིག་གྱུར་དང་། རིམ་དབྱེ་དོ་དམ། གཅིག་སྡུད་ཉར་ཚགས་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས་པ་མ་ཟད། ཐོ་འགོད་ཡིག་ཚགས་ཡིག་ཚགས་ཀྱི་ཁོངས་སུ་འཇུག་པའི་ཁྱབ་ཁོངས་དང་། ཡིག་ཚགས་འཛུགས་པའི་ཚད་གཞི། ཉར་ཚགས་ཀྱི་བླང་བྱ། དོ་དམ་ལམ་ལུགས། ཉར་ཚགས་ཀྱི་དུས་ཚད་སོགས་ཀྱི་ཐད་ལའང་གཏན་འབེབས་བྱས་ཡོད། གཉེར་སྐྱོང་བྱེད་པོ་ཐོ་ཁོངས་ནང་ཡོད་རིང་ཐོ་འགོད་ཡིག་ཚགས་མུ་མཐུད་ཉར་ཚགས་བྱེད་དགོས་པ་དང་། གཉེར་སྐྱོང་བྱེད་པོ་ཐོ་ཁོངས་ནས་བསུབས་རྗེས་ཐོ་འགོད་ཡིག་ཚགས་ཉར་ཚགས་བྱེད་པའི་དུས་ཡུན་སྤྱིར་བཏང་ལོ་20ཡིན་པ་ཁ་གསལ་བཟོས་ཡོད། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

བྱ་ཐབས་བཏོན་པ་དེས་ཐོ་འགོད་ཡིག་ཚགས་སྤོ་སྒྱུར་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་ཕྱིན་ཏེ། གནས་སྤོ་བྱེད་པར་སྟབས་བདེ་རུ་ནུས་ལྡན་འགྲོ་རྒྱུ་ཡིན་པ་རེད། གཉེར་སྐྱོང་བྱེད་པོས་སྤོས་ཡོང་སའི་ཐོ་འགོད་ལས་ཁུངས་ལ་ཐོ་འགོད་བརྗེ་སྒྱུར་དང་ནང་སྤོས་ཐོ་འགོད་ཡིག་ཚགས་བསྒྲུབ་རྒྱུའི་རེ་ཞུ་བྱེད་དགོས་པ་ལས། སྤོས་འགྲོ་སར་བསྐྱར་དུ་རེ་ཞུ་བྱེད་མི་དགོས་པ་དང་། སྤོས་ཡོང་ས་དང་སྤོས་འགྲོ་སའི་ཐོ་འགོད་ལས་ཁུངས་ཀྱིས་སྦྲེལ་མཐུད་དང་ཡིག་ཚགས་སྤོ་སྒྱུར་ཡག་པོ་བྱེད་དགོས་པ་ལས། ཐོ་འགོད་ཡིག་ཚགས་སྤོ་སྒྱུར་ལ་ཚོད་འཛིན་དང་བཀག་འགོག་བྱེད་མི་ཆོག་པ་ཁ་གསལ་བཟོས་ཡོད། གཞན་ཡང་སྤོ་སྒྱུར་གོ་རིམ་མུ་མཐུད་དུ་ལེགས་སུ་གཏོང་བ་དང་། ཐོ་འགོད་ཡིག་ཚགས་སྤོ་སྒྱུར་འགྲོ་ལུགས་དྲ་ཐོག་ནས་གཉེར་རྒྱུ་ཁྱབ་སྤེལ་གཏོང་བ། སྤོས་ཡོང་སའི་ཐོ་འགོད་ལས་ཁུངས་ཀྱིས་དྲ་རྒྱ་བརྒྱུད་ཐོ་འགོད་ཡིག་ཚགས་ལྟ་ཀློག་བྱས་ཆོག་རིགས། སྤོ་སྒྱུར་བྱེད་རིང་གཉེར་སྐྱོང་བྱེད་པོས་ཐད་ཀར་སྤོས་ཡོང་སར་ཐོ་འགོད་ལས་སྒོ་གཉེར་ཆོག་པ་ཁ་གསལ་བཟོ་དགོས་པའི་བླང་བྱ་བཏོན་ཡོད།

(སྐལ་མཆོག་གིས་བསྒྱུར། སྤེན་ཚེས་ཞུས)