དཔྱིད་རྨོད་ཡོངས་སུ་འགོ་ཚུགས་ཉེར་ཡོད་པས། ཞིང་འཕྲུལ་ཁྲོམ་རར་ཡང་ཐོན་སྐྱེད་དང་ཕྱིར་ཚོང་མང་བའི་དུས་ཚིགས་འཆར་རྒྱུ་རེད། ས་གནས་ཁག་གི་ཁེ་ལས་ཀྱིས་དུས་ཚོད་དམ་འཛིན་གྱིས་ཞིང་འཕྲུལ་ཐོན་སྐྱེད་ཧུར་ཐག་བྱས་ནས་ཁྲོམ་རའི་དགོས་མཁོ་སྐོང་བ་དང་། ཞིང་པ་ཚོས་འདྲུད་འཐེན་འཕྲུལ་འཁོར་དང་རྨོ་འདེབས་འཕྲུལ་འཁོར་ཆུང་གྲས་སོགས་ཞིང་འཕྲུལ་ཉོས་ནས་དཔྱིད་རྨོད་ལ་གྲ་སྒྲིག་བྱེད་བཞིན་ཡོད།