འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་18ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་ལྕགས་ལམ་ཅུས་ནས་ཤེས་རྟོགས་བྱས་པར་གཞིཌ་ན། ད་ལོ་ཚུན་དུ། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་ཕ་ཡུལ་དུ་གཉེན་ཉེ་ཐུག་འཕྲད་དང་སྤྲོ་གསེང་གུང་གསེང་དུ་འགྲོ་བའི་དགོས་མཁོ་རིམ་བཞིན་ཆེ་རུ་ཕྱིན་ནས་ལྕགས་ལམ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མུ་མཐུད་མང་དུ་ཕྱིན་ཡོད། ཟླ་དང་པོར་རྒྱལ་ཡོངས་སུ་ལྕགས་ལམ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་3.69ཟིན་པ་དེ་དུས་མཚུངས་ལས་12.1%འཕར་བ་དང་དེའི་ནང་ཤུཌ་འགྲེམས་མེ་འཁོར་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་དུས་མཚུངས་ལས་10.6%འཕར་ནས་མི་ཐེངས་དུང་ཕྱུར་2.75ཟིན་པ་དེས་རྒྱལ་ཡོངས་ལྕཌ་ལམ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཀྱི་74.6%ཟིན་ཡོད། རྒྱལ་ཡོངས་ལྕགས་ལམ་ནས་འགྲུལ་པ་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་མི་དུང་ཕྱུར་1446.17ཟིན་པ་དེ་དུས་མཚུངས་ལས་17.6%འཕར་བ་དང་། དེའི་ནང་ཤུགས་འགྲེམས་མེ་འཁོར་གྱིས་འགྲུལ་པ་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་མི་དུང་ཕྱུར་971.00ཟིན་པ་དེ་དུས་མཚུངས་ལས་18.9%འཕར་ཡོད།
ཟླ་དང་པོར་རྒྱལ་ཡོངས་སུ་ལྕགས་ལམ་ནས་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་དུང་ཕྱུར་4.23ཟིན་པ་དང་། དངོས་ཟོག་དབོར་འདྲེན་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་ཏུན་དུང་ཕྱུར་2884.72ཟིན་ཡོད། དེའི་ནང་རྒྱལ་ཁབ་ལྕགས་ལམ་ནས་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་དུང་ཕྱུར་3.27ཟིན་པ་དང་དངོས་ཟོག་དབོར་འདྲེན་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་ཏུན་དུང་ཕྱུར་2664.89ཟིན་ཡོད། རིགས་དབྱེ་ནས་སྐྱེལ་འདྲེན་བྱེད་ཚུལ་ལ་བལྟས་ན། དོས་སྒམ་དང་ལྕགས་རིགས་གཏེར་རྡོ་ཏུན་དུང་ཕྱུར་0.77དང་ཏུན་དུང་ཕྱུར་0.48སོ་སོར་དབོར་འདྲེན་བྱས་པ་དེ་དུས་མཚུངས་ལས་10.9%དང་17.5%སོ་སོར་འཕར་ཡོད།