ཟླ་2ཚེས་14ཉིན། ཀྲུང་ཡོའི་དུས་གཏན་མེ་འཁོར(ཁྲེང་ཏུའུ་ནས་མིང་སི་ཁེ་བར)གྱི་མཚོ་ཆེན་ཟོག་འགྲེམས་དངོས་ཟོག་རྩེ་གྲའི་ཆེད་སྤྱོད་ལྕགས་ལམ་སི་ཁྲོན་ཁྲེང་ཏུའུ་རྒྱལ་སྤྱིའི་ལྕགས་ལམ་གྲུ་ཁ་ནས་གཏོང་འགོ་ཚུགས་པ་རེད། དུས་གཏན་མེ་འཁོར་དེར་སྲེག་སྒམ་གྱི་ལྷུ་ལག་ཆ་ཚང་དང་ཆུ་གཏོར་འཕྲུལ་འཁོར་སོགས་དངོས་ཟོག་བླུགས་ཡོད་པ་དང་། ཧོར་གོ་སི་འགག་སྒོ་བརྒྱུད་རྒྱལ་མཚམས་བསྒྲལ་ཏེ་མཐར་བྷེ་ཨུ་རུ་སུའི་མེན་སི་ཁེ་རུ་འབྱོར་རྒྱུ་དང་། སྔོན་དཔག་ལྟར་ན། ལམ་ཐག་ཧྲིལ་པོའི་སྐྱེལ་འདྲེན་དུས་ཚོད་ཉིན་10ལྷག་ཙམ་ཡིན་པ་རེད། འདི་ནི་དུས་གཏན་མེ་འཁོར་ཁྲེང་ཏུའུ་རྒྱལ་སྤྱིའི་ལྕགས་ལམ་གྲུ་ཁ་ནས་ཐོན་པའི་རྣམ་པ་ཡིན་པ།