འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཀོང་པོའི་ལོ་གསར་ནི་བོད་ལྗོངས་ཉིང་ཁྲིའི་ས་གནས་ཀྱི་ཁྱད་ཆོས་ཆེས་ཟབ་མོ་ལྡན་པའི་དུས་ཆེན་གྱི་གྲས་ཤིག་ཡིན་ལ། བོད་དུ་གཏོང་སྔ་ཤོས་ཀྱི་ལོ་གསར་ཞིག་ཀྱང་ཡིན་པས། བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྣམ་གྲངས་ཀྱི་མིང་གཞུང་ནང་བཅུག་ཡོད། ཉིང་ཁྲི་གྲོང་ཁྱེར་གྱིས་འཛམ་གླིང་རིམ་པའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་གྱི་དམིགས་ཚད་ལ་དམ་པོར་དམིགས་ནས། ཀོང་པོའི་ལོ་གསར་གཞི་རྟེན་དང་ཁྱད་ལྡན་རིག་གནས་ལྟེ་བར་བྱས་ཏེ། དུས་ཆེན་ལ་བརྟེན་ནས་རྣམ་པ་ཟབ་མོ་གཏོད་པ་དང་། དུས་ཆེན་ལ་བརྟེན་ནས་ལྷན་འཛོམས་ཡོང་རྒྱུ་མཐའ་འཁྱོངས་ཀྱིས“ཅན་བཞིའི”དུས་ཆེན་ཡུལ་སྐོར་གྱི་རྣམ་པ་གསར་པ་བཏོད་པས། ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ“སྒུལ་ཤུགས”སྣོན་ཐུབ་པ་བྱུང་ཡོད།
རྩེ་གྲ་ཅན་གྱི་དུས་ཆེན་ཡུལ་སྐོར་གྱི་བརྗོད་དོན་གཙོ་བོའི་རྣམ་པ་གསར་པ་བཏོད་ཅིང་། “དུས་ཆེན་དང་། ཡུལ་སྐོར། རིག་གནས། གྲོང་གསེབ་བཅས་འཁྲུག་ཆ་དོད་པོ་ཡོང་བའི”དམིགས་ཚད་མཐའ་འཁྱོངས་དང “ལོ་གསར་སྔ་ཤོས་གཏོང་བའི”རིག་གནས་ཡུལ་སྐོར་གྱི་IPགཏོད་པར་དམ་དུ་དམིགས་ནས། རྒྱལ་ནང་གི་གྲོང་ཁྱེར་བཞིར་ཀོང་པོའི་ལོ་གསར་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཁྲོམ་གཞུང་དུ་འཁྲབ་སྟོན་དང་དྲིལ་བསྒྲགས་ཁྱབ་གདལ་བཏང་བ། ཤང་ཀང་དང་ཨའོ་མོན་གྱི་ཡུལ་སྐོར་བ་ཀོང་པོའི་ལོ་གསར་གཏོང་བར་ཡོང་བ། བོད་ཀྱི་ཉིང་ཁྲིའི་སྨད་པ་གྲོང་ཚོའི་ཀོང་པོའི་ལོ་གསར་གྱི་རིག་གནས་ཡུལ་སྐོར་མྱོང་རོལ་བཅས་ཀྱི་བྱེད་སྒོ་འཆར་འགོད་ཞིབ་ཚགས་བྱས་ནས། དུས་འགོའི་དྲིལ་བསྒྲགས་རྣམ་པ་ཟབ་མོ་མངོན་པར་བྱེད་པ་ནས། ཤང་ཀང་དང་ཨའོ་མོན་ནས་ཡུལ་སྐོར་བ་གཙང་གླས་གནམ་གྲུར་བསྡད་དེ་ཉིང་ཁྲིར་འོང་བ། དེ་ནས་ཉིང་ཁྲིར་བབས་ནས་དམངས་སྲོལ་ལ་མྱོང་རོལ་བཅས་བྱས་ཏེ། གདུབ་ཟུམ་གྱི་བྱེད་སྒོ་གཉེར་སྟངས་རབ་དང་རིམ་པ་ཞིག་ཆགས་པར་བྱས་ཡོད། དབྱིངས་ཞུགས་རྣམ་པའི་དུས་ཆེན་ཡུལ་སྐོར་བྱེད་སྟངས་བཏོད་ཅིང་། “ཆེས་སྔ་ཤོས་ཀྱི་ལོ་གསར་གཏོང་། དམངས་སྲོལ་གྱི་མཛེས་པར་མྱོང་རོལ་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས། “སྨན་གླིང་གི་གསང་བ་འཚོལ། ཀོང་པོའི་ལོ་གསར་ཤེས་རྟོགས་བྱེད”ཅེས་པའི་ཉམས་ལེན་བྱེད་སྒོ་སྤེལ་བ་དང་། 2025ལོའི་ཀོང་པོའི་ལོ་གསར་གཏོང་བ་དང“གྲོང་ཚོའི་མཚན་ཚོགས”ཀྱི་མཉམ་སྤྲོའི་འདུ་ཚོགས་སྐབས་གསུམ་པ་གཉེར་བ། མངོན་མིན་རིག་གནས་ཤུལ་བཞག་གི་ཁྱད་ལྡན་ལེ་ཚན་འཁྲབ་སྟོན་སོགས་ཀོང་པོའི་ལོ་གསར་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་མ་ཟད། རྟར་བཞོན་པ་དང་། བི་ཤུ་འཕེན་པ། ཤོ་རྒྱག་པ་སོགས་མི་རིགས་ཀྱི་དམངས་སྲོལ་ལུས་རྩལ་རྩལ་འགྲན་གྱི་ཁྱད་ལྡན་བྱེད་སྒོ་སྤེལ་བ་དང་། དབྱིངས་ཞུགས་རྣམ་པའི་ཀོང་པོའི་འཕེལ་རྒྱས་ཀྱི་མྱུར་ཚད་ལ་ལྟ་བ། སྨན་གླིང་གི་ཡུལ་སྲོལ་གོམས་གཤིས་ལ་མྱོང་རོལ་བྱེད་པ། དུས་ཆེན་གྱི་སྟོན་མོ་གཟབ་རྒྱས་ལ་རོལ་བ། ནུབ་ཁའི་མཚམས་སྤྲིན་ལ་ལྟ་བ་བཅས། མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་རོ་བཅུད་དང་གཟུགས་ཁམས་ཀྱི་འདོད་ཡོན་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།
མཉམ་འདྲེས་ཅན་གྱི་དུས་ཆེན་ཡུལ་སྐོར་གྱི་འཛད་སྤྱོད་བྱེད་སྟངས་གསར་པ་བཏོད་ཅིང་། བང་རིམ་མང་ཞིང་རང་སོའི་ཁྱད་ཆོས་ལྡན་ལ་སྤུས་རྟགས་ཅན་གྱི་མང་ཚོགས་ཡུལ་སྐོར་གྱི་འཛད་སྤྱོད་དགོས་མཁོ་སྐོང་རྒྱུ་མཐའ་འཁྱོངས་དང་ཡུལ་སྐོར་བ་སྟོན་ཕྱོགས་སུ་བྱས་ཏེ། ས་གནས་དང་འགྲིམ་འགྲུལ་གྱི་ལེགས་ཆར་བརྟེན་ནས། “གསར་བརྗེའི་རིག་གནས”དང་། “ལུས་གསོའི་རིག་གནས” “བོད་ཀྱི་གསོ་བ་རིག་པའི་རིག་གནས” “ཇའི་རིག་གནས” སོགས་རིག་གནས་ཀྱི་སྤུས་རྟགས་དང་འབྲེལ་བའི་མཛེས་ལྗོངས་ཁུལ་དང་། རྫོང་དང་། ཤང་། དམངས་སྲོལ་གྲོང་ཚོ་བཅས་སྦྲེལ་མཐུད་ནུས་ལྡན་ཐུབ་པར་བྱས་ནས། སྔར་བས་ཁྱད་ཆོས་ལྡན་པའི་དུས་ཆེན་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་བཏོད་དེ། སྐྱེ་ཁམས་ལུས་གསོ་དང་། རིག་གནས་བསམ་བཀོད་སོས་དལ། མཚན་མོར་ཡུལ་སྐོར་སྤྲོ་གསེང་བཅས་ཀྱི་དུས་ཆེན་ཡུལ་སྐོར་གྱི་སྐོར་ལམ་བཏོད་ཁར། ཀོང་པོའི་ལོ་གསར་གྱི་བརྗོད་དོན་གཙོ་བོའི་ཁྱད་ཆོས་ལ་གཞིགས་ནས། ཀོང་པོའི་ལོ་གསར་དང་འབྲེལ་བའི་དུས་ཆེན་ཡུལ་སྐོར་གྱི་ཐོན་རྫས་རབ་དང་རིམ་པ་ཐུམ་སྒྲིལ་འཆར་འགོད་བྱས་ནས་བཏོན་པར། ཡུལ་སྐོར་གྱི་ལས་རྣམ་ཕུན་སུམ་ཚོགས་སུ་དང་ཡུལ་སྐོར་གྱི་འགྲན་རྩོད་ནུས་པ་ཆེ་རུ་ཕྱིན་ཡོད།
གཉིས་ཁེ་ཅན་གྱི་དུས་ཆེན་ཡུལ་སྐོར་གྱི་མཉམ་ལས་བྱེད་སྟངས་གསར་པ་བཏོད་ཅིང་། ཀོང་ཀྲོའུ་དང་ཁྲེང་ཏུར་ཁྲོམ་གཞུང་གི་འཁྲབ་སྟོན་ཐད་གཏོང་དང་ཀོང་པོའི་ལོ་གསར་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་འདུ་ཚོགས་སོགས་ཀྱི་ལས་སྟེགས་ལ་བརྟེན་ནས། ཉིང་ཁྲིའི་རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་དང་། “དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”སྲིད་ཇུས། ཀོང་པོའི་ལོ་གསར་གཏོང་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སོགས་མཉམ་དུ་འོས་སྦྱོར་བྱས་པ་མ་ཟད། སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཁྱབ་སྤེལ་ཞིབ་འཇུག་ཁང་སོགས་སྒྲིག་གཞི་དང་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་ནས། ཡུལ་སྐོར་སྣེ་ལེན་ཁང་གི་ཁེ་ལས་126དང་སྦྲེལ་མཐུད་དང་གདན་ཞུ་གནད་སྨིན་བྱས་ཏེ། ཉིང་ཁྲི་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་མ་འཇོག་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་ཁྲེང་ཏུའུ་ཡུལ་སྐོར་མཐུན་ཚོགས་ཀྱི་ཡུལ་སྐོར་ལས་དོན་ཁང་ཁག་6དབར《རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན》ལ་མིང་རྟགས་བཀོད་པས། ཕྱོགས་གཉིས་ཀར་འཕེལ་རྒྱས་བྱུང་ཡོད། སྣ་མང་ཅན་གྱི་དུས་ཆེན་ཡུལ་སྐོར་གྱི་དྲིལ་བསྒྲགས་བྱེད་སྟངས་གསར་པ་བཏོད་ཅིང་། གཙོ་རྒྱུན་སྨྱན་སྦྱོར་དང་། གཞུང་ཕྱོགས་ཀྱི་ཁྱུག་དབྱིངས། སྐད་འཕྲིན་སོགས་ལས་སྟེགས་སྤྱད་དེ། ཁྲོམ་གཞུང་འཁྲབ་སྟོན་གྱི་ཐད་གཏོང་འོས་སྦྱོར་དང་ཡུལ་དངོས་ཀྱི་ཐད་གཏོང་སོགས་བརྒྱུད། དུས་མཚམས་དང་རིམ་པ་མི་འདྲ་བའི་གནས་ཚུལ་དྲིལ་བསྒྲགས་དང་གཏོང་སྤེལ་བྱས་པ་རེད། (པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)