《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月15日

རང་རྒྱལ་དུ་ཁུ་སིམ་པའི་ཁུལ་ཆུང་2132བསྐྲུན་ཟིན་པ།

འདི་ག་ཚགས་པར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་གསར་འགོད་པས་སྐྱེ་ཁམས་ཁོར་ཡུག་པུའུ་ནས་ཤེས་རྟོགས་བྱས་པར། མང་ཚོགས་གྱི“སྒོ་འགྲམ”གྱི་འཛེར་སྒྲའི་སྦགས་བཙོག་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད། སྐྱེ་ཁམས་ཁོར་ཡུག་པུའུ་ཡིས“འཛེར་སྒྲ་མེད་པ་དང་གཉིད་ཡག་པོ་ཁུག་པའི”ཁུ་སིམ་པའི་ཁུལ་ཆུང་ཁག་གཅིག་སྐྲུན་པར་སྐུལ་འདེད་བཏང་ཡོད། མིག་སྔའི་བར། རྒྱལ་ཡོངས་སུ་ཁུ་སིམ་པའི་ཁུལ་ཆུང་ཁྱོན་2132བསྐྲུན་ཟིན་པ་རེད།

འཛེར་སྒྲའི་སྦགས་བཙོག་ནི་ཁོར་ཡུག་ཁྱབ་ཁོངས་ཀྱི་གཅིག་སྡུད་ཞུ་གཏུག་གི་གླེང་ཆ་ཆེ་བའི་གནད་དོན་ཞིག་རེད། ཉེ་བའི་ལོ་ལྔའི་རིང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁག་གི་སྒྲའི་ཁོར་ཡུག་གི་སྤུས་ཚད་སྤྱི་ཡོངས་ནས་ལེགས་སུ་ཕྱིན་པ་དང་སྒྲའི་ཁོར་ཡུག་བྱེད་ནུས་ཁུལ་གྱི་ཉིན་མཚན་གྱི་ཚད་གཞི་ལོན་ཚད་མཐོ་རུ་འགྲོ་བཞིན་ཡོད་པ་རེད།