ལོ་ངོ་སྟོང་གི་རིང་། ཀུའེ་ཀྲོའུ་ཞིང་ཆེན་པི་ཅེ་གྲོང་ཁྱེར་ཆི་ཤིང་ཀོན་ཆུས་ཧྲེང་ཅི་གྲོང་རྡལ་འདི་ཉིད་རི་མཐོ་དང་གྲོག་རོང་གིས་བསྐོར་ཡོད། དམིགས་བསལ་གྱི་ས་ཁམས་དང་གནམ་གཤིས་ཆ་རྐྱེན་གྱི་ཤུགས་རྐྱེན་ལས་ས་གནས་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་བེད་སྤྱོད་ལ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ཀྱི་ཡོད།
2024ལོར་ཆུ་བེད་རྒྱལ་བུན་རྣམ་གྲངས་འཛུགས་སྐྲུན་བྱེད་པ་དང་བསྟུན་ནས། ཆི་ཤིང་ཀོན་ཆུས་ཀྱིས་སུང་ཀོན་ཆུ་འདྲེན་ཁུལ་གྱི་རྣམ་གྲངས་ལས་འགོ་ཚུགས་ཤིང་། ས་གནས་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི་2700ལྷག་ཙམ་བཏང་ནས་ཧྲེང་ཅི་གྲོང་རྡལ་གྱི་ཡན་ལག་ཆུ་ཡུར་29ལ་ཉེན་སེལ་བརྟན་གཏོང་དང་ཡུར་ལག་སྦྲེལ་མཐུད་བྱས་པ་རེད། ཆུ་ཡུར་ནང་ཆུ་ཐོགས་མེད་དུ་རྒྱུག་པར་སྲུང་སྐྱོང་བྱ་ཆེད། ཧྲེང་ཅི་གྲོང་རྡལ་ཀའོ་ལིའུ་གྲོང་ཚོའི་གྲོང་མིས་རང་འགུལ་ངང་གཡང་ཟར་བྲག་ལྡེབས་ཀྱི་ཆུ་ཡུར་ལ་སྲུང་སྐྱོང་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ནས་ཟླ་རེར་ཆུ་ཡུར་ལ་ཉུང་མཐར་ཡང་སྐོར་སྲུང་ཐེངས་གཉིས་བྱེད་ཀྱི་ཡོད་པ་རེད། དཔྱིད་གསར་དུས་ཆེན་རིང་ཟླ་རེར་སྐོར་སྲུང་བྱེད་ཐེངས་4བར་མང་དུ་བཏང་ཡོད།
① འདི་ནི་དང་བླངས་ཞབས་ཞུའི་རུ་ཁག་གི་རུ་མིས་གཡང་གཟར་བྲག་ལྡེབས་ཀྱི་ཆུ་ཡུར་ལ་སྐོར་སྲུང་བྱེད་བཞིན་པ།
② འདི་ནི་དང་བླངས་ཞབས་ཞུའི་རུ་ཁག་གི་རུ་མིས་ཆུ་ཡུར་ནང་ལྷུངས་པའི་རྡོ་འདོན་བཞིན་པ།
③ འདི་ནི་དང་བླངས་ཞབས་ཞུའི་རུ་ཁག་གི་རུ་མིས་སྐོར་སྲུང་གི་བར་གསེང་དུ་ཆུ་ཡུར་གྱི་ཆུ་བཏུངས་ནས་སྐོམ་པ་སེལ་བཞིན་པ།