ཉེ་ཆར། པ་ཀ་ཏའི་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་ཞེ་བརྒྱད་པ་དབྱི་རག་གི་རྒྱལ་ས་པ་ཀ་ཏའི་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་འཚོགས་པ་རེད། སྐབས་འདིའི་དངོས་མང་སྟོན་ཚོགས་ཀྱིས“མ་འཇོག་དང་། འཕེལ་རྒྱས། དར་རྒྱས”བཅས་བརྗོད་དོན་གཙོ་བོར་བྱས་པ་དང་། རྒྱལ་ཁབ་དང་ས་ཁུལ་22ནས་ཡོང་བའི་འགྲེམས་སྟོན་ཚོང་པ་1200ལྷག་ཙམ་འགྲེམས་ཚོགས་ལ་ཞུགས་པའི་ནང་ཀྲུང་གོའི་གྲགས་ཅན་རླངས་འཁོར་ཁེ་ལས་སོགས་མང་པོ་ཚུད་ཡོད་པ་རེད།