《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月10日

དགུན་དུས་འབྲི་ཏ་ས་འཛིན་འཐུ་བར་བྲེལ།

པར①ནི་དྲོད་ཁང་ཆེན་པོའི་ནང་གི་སྐྱེ་འཚར་བཟང་བའི་འབྲི་ཏ་ས་འཛིན་ཡིན་པ།

པར②ནི་དྲོད་ཁང་ཆེན་པོའི་ནང་གི་སྐྱེ་འཚར་བཟང་བའི་འབྲི་ཏ་ས་འཛིན་ཡིན་པ།

པར③ནི་གྲོང་མིས་འབྲི་ཏ་ས་འཛིན་འཐུ་བཞིན་པ།

ཉེ་ཆར། ནན་ཅིང་དང་མལ་གྲོ་གུང་དཀར་གྱི་ཐོན་ལས་འབྲི་ཏ་ས་འཛིན་ར་བར་ཐོན་འབབ་ཡག་པོ་བྱུང་ཡོད། དྲོད་ཁང་ཆེན་པོའི་འཁྲུག་ཆ་དོད་ཅིང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ལས་རང་བྱུང་ཁམས་ལ་ཉེ་བཅར་དང་ཞིང་གྲོང་གི་སྤྲོ་སྣང་འཚོལ་བའི་གྲོང་མི་ཚོའི་སྤྲོ་སེམས་འཕེལ་བ་དང་ཆབས་ཅིག ཚང་མར་འཐུ་བསྡུའི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད། ནན་ཅིང་དང་མལ་གྲོ་གུང་དཀར་གྱི་ཐོན་ལས་འབྲི་ཏ་ས་འཛིན་ར་བ་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་དུ་གནས་པ་དང་དེའི་རྒྱ་ཁྱོན་ལ་མུའུ་10ཙམ་ཟིན་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། འབྲི་ཏ་ས་འཛིན་ར་བར་ཉིན་ལྟར་འབྲི་ཏ་ས་འཛིན་འཐུ་ཚད་རྒྱ་མ་100ཟིན་གྱི་ཡོད།