《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月08日

རྒྱལ་ཁབ་གློག་དྲའི་རིག་ལྡན་རླངས་འཁོར་དྲ་སྦྲེལ་ལས་སྟེགས་ཀྱི་གྲངས་གཞི་ལས་མངོན་པར།

དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་མྱུར་བགྲོད་གཞུང་ལམ་དུ་ཉིན་རེར་ཆ་སྙོམས་གློག་གསོག་ཚད་དུས་མཚུངས་ལས་བཅུ་ཆ་གསུམ་ཙམ་འཕར་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་5ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་གློག་དྲ་ནས་ཤེས་རྟོགས་བྱུང་བར། དཔྱིད་གསར་དུས་ཆེན་གྱི་གུང་གསེང(ཟླ་1ཚེས་28ནས་ཟླ་2ཚེས་4ཉིན་བར)རིང་། རྒྱལ་ཁབ་གློག་དྲའི་རིག་ལྡན་རླངས་འཁོར་དྲ་སྦྲེལ་ལས་སྟེགས་ཀྱི་གློག་གསོག་ཞབས་འདེགས་ཞུ་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1.8ལས་བརྒལ་བ་དང་། ཉིན་རེར་ཆ་སྙོམས་གློག་གསོག་ཚད་ཆུ་ཚོད་ཆན་ཝ་ཁྲི་2258ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་25%བརྒལ་ཡོད། དེའི་ནང་མྱུར་བགྲོད་གཞུང་ལམ་དུ་གློག་གསོག་ཚད་ཆུ་ཚོད་ཆན་ཝ་ཁྲི་5727ཟིན་པ་དང་། ཉིན་རེར་ཆ་སྙོམས་གློག་གསོག་ཚད་ཆུ་ཚོད་ཆན་ཝ་ཁྲི་716ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་29%བརྒལ་ཡོད།