《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月08日

དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་རྒྱལ་ནང་དུ་ཡུལ་སྐོར་བྱེད་མཁན་མི་ཐེངས་དུང་ཕྱུར་5.01ཟིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རིག་གནས་དང་ཡུལ་སྐོར་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་རིག་གནས་དང་ཡུལ་སྐོར་ཁྲོམ་ར་བརྟན་ཞིང་གོ་རིམ་ལྡན་པ་ཞིག་ཡོད། རིག་གནས་དང་ཡུལ་སྐོར་པུའི་གྲངས་གཞི་ལྟེ་གནས་ཀྱིས་ཚོད་རྩིས་བྱས་པ་ལྟར་ན། དཔྱིད་གསར་དུས་ཆེན་གྱི་གུང་གསེང་ཉིན་8རིང་རྒྱལ་ནང་དུ་ཡུལ་སྐོར་བྱེད་མཁན་མི་ཐེངས་དུང་ཕྱུར་5.01ཟིན་ཏེ་དུས་མཚུངས་ལས་5.9%འཕར་ཡོད། རྒྱལ་ནང་དུ་ཡུལ་སྐོར་ལ་སོང་བའི་འགྲོ་སོང་བསྡོམས་འབོར་སྒོར་དུང་ཕྱུར་6770.02ཟིན་པ་དེ་དུས་མཚུངས་ལས་7.0%འཕར་ཡོད།

(བསྟན་བློ་དང་ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)