འདི་ནི་ཧུའུ་པེ་ཞིང་ཆེན་ཤའོ་ཀན་གྲོང་ཁྱེར་ཡུན་མོང་རྫོང་གི་རྟེན་མཛོད་ཁང་དུ་ཡུལ་སྐོར་བས་འགྲེམས་རྫས་ལ་ལྟ་སྐོར་བྱེད་བཞིན་པ།
འདི་ནི་ཅང་སུའུ་ཞིང་ཆེན་སུའུ་ཆན་གྲོང་ཁྱེར་སུའུ་ཁྲེང་ཆུས་ཚའེ་ཅི་གྲོང་རྡལ་ཉིའུ་ཅའོ་གྲོང་ཚོའི་ཞིང་པའི་དཔེ་ཁང་དུ་ཀློག་པ་པོས་དཔེ་དེབ་ལྟ་བཞིན་པ།
དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། ཀྲུང་གོ(ཧའེ་ནན)ལྷོ་མཚོ་རྟེན་མཛོད་ཁང་གིས་དཔྱིད་གསར་དུས་ཆེན་གྱི་རིམ་སྤེལ་བྱེད་སྒོ་ཐེངས་70ལྷག་ཙམ་སྤེལ་ནས། མི་ཐེངས་ཁྲི་8ལྷག་ཙམ་རྟེན་མཛོད་ཁང་དུ་ལྟ་སྐོར་བྱེད་པའི་ཡིད་དབང་བཀུག་ཡོད། འདི་ནི་ཟླ་2ཚེས་5ཉིན། ཡུལ་སྐོར་བས་ཧའེ་ནན་ཞིང་ཆེན་ཆུང་ཧའེ་གྲོང་ཁྱེར་ཀྲུང་གོ(ཧའེ་ནན)ལྷོ་མཚོ་རྟེན་མཛོད་ཁང་དུ་ལྟ་སྐོར་བྱེད་བཞིན་པ།
དཔྱིད་གསར་དུས་ཆེན་རིང་མང་ཚོགས་མི་ཉུང་བ་ཞིག་དཔེ་མཛོད་ཁང་དང་རྟེན་མཛོད་ཁང་དུ་དཔེ་ཀློག་དང་ལྟ་སྐོར་བྱེད་པར་སླེབས་ཡོད། ཁོང་ཚོས་རིག་གནས་ཀྱི་ཉམས་འགྱུར་ཟབ་མོའི་ཁྲོད་ནས་གུང་གསེང་ལ་རོལ་ཡོད།