《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月06日

ཀྲུང་གོའི་ཁེ་ལས་ཀྱིས་བསྐྲུན་པའི་སར་པི་ཡའི་ཝ་ལེ་ཨའོ་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་སེལ་ཀེ་རེ་ཏེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོའི་ཧྲན་ཏུང་མྱུར་བགྲོད་ཚོགས་པས་སྐྲུན་འགན་ཁུར་བའི་སར་པི་ཡའི་ཝ་ལེ་ཨའོ་མྱུར་བགྲོད་གཞུང་ལམ་རྣམ་གྲངས་ཀྱིས་རླངས་འཁོར་ཤར་གཏོང་མཛད་སྒོ་འཚོགས་ནས། གཞུང་ལམ་ཨ་མར་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་པའི་ཁྱབ་བསྒྲགས་བྱས་པ་རེད།