《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月06日

རྒྱལ་ཡོངས་ཚན་རྩལ་ཁང་གིས་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་ལྟད་མོ་བ་མི་ཐེངས་ཁྲི་300ལྷག་ཙམ་ལ་སྣེ་ལེན་ཞུས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་4ཉིན། གསར་འགོད་པར་ཀྲུང་གོ་ཚན་རྩལ་ཁང་ནས་ཤེས་རྟོགས་བྱུང་བར། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་རྒྱལ་ཡོངས་ཚན་རྩལ་ཁང་གིས“ཚན་རྩལ་ལ་བརྟེན་ནས་ཀྲུང་གོའི་ལོ་གསར་ལ་དྲོ་སྐྱིད་སྦྱིན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་སྤྱི་དམངས་ལ་ཤེས་བྱ་རང་བཞིན་དང་། སྤྲོ་སྣང་རང་བཞིན། མི་ཆོས་སེམས་ཁུར་བཅས་གཞི་གཅིག་ཏུ་འདྲེས་པའི་ཚན་རྩལ་ཁྱབ་གདལ་གྱི་དམངས་ཕན་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད། བསྡོམས་རྩིས་རགས་ཙམ་བརྒྱབ་ན། ཁྱོན་བསྡོམས་ལྟད་མོ་བ་མི་ཐེངས་ཁྲི་300ལྷག་ཙམ་ལ་སྣེ་ལེན་ཞུས་ཏེ་ཤིང་སྦྲུལ་ལོའི་ཚན་རྩལ་ཁྱབ་གདལ་ལ་འགོ་ཚུགས་བཀྲ་ཤིས་བྱུང་ཡོད།

ཀྲུང་གོའི་ཚན་རྩལ་ཁང་གིས་དཔྱིད་གསར་དུས་ཆེན་གྱི“ཚན་རྩལ་མཉམ་སྤྲོ་ཆེན་པོའི”བརྗོད་དོན་གཙོ་བོའི་ཚན་རྩལ་ཁྱབ་གདལ་སློབ་གསོའི་བྱེད་སྒོ་སྤེལ་ནས་སྤྱི་དམངས་ཀྱིས་དཔྱིད་གསར་དུས་ཆེན་གྱི་གོམས་སྲོལ་ནང་འདུས་པའི་ཚན་རིག་གི་གཞི་རྒྱུ་འཚོལ་ཞིབ་བྱ་རྒྱུར་ཁྲིད་སྟོན་བྱས་པ་རེད། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་འགྲེམས་ཁང་དེས་ལྟད་མོ་བ་མི་ཐེངས་ཁྲི་15ལྷག་ཙམ་ལ་སྣེ་ལེན་ཞུས་པའི་ནང་པེ་ཅིང་ཕྱི་རོལ་གྱི་ལྟད་མོ་བ་བཅུ་ཆ་དགུ་ལྷག་ཙམ་ཟིན་ཡོད་པ་རེད།

(བསོད་བདེ་ཆེ་བས་བསྒྱུར། པད་ཆོས་ཀྱིས་ཞུས)