མོང་ནེ་ལྕགས་ལམ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྣམ་གྲངས་གཙོ་བོ་ཞིག་ཡིན་ཞིང་། དེས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་ཐེབས་ཡོད་པས། མི་མི་ཉུང་བ་ཞིག་གི་སེམས་ནང་གི“འཕེལ་རྒྱས་ཀྱི་ལམ་བུ”དང“བདེ་སྐྱིད་ཀྱི་ལམ་བུ”ཞིག་རེད། ལྕགས་ལམ་ཡུན་རིང་བདེ་འཇགས་འཁོར་སྐྱོད་ཐུབ་པར་བྱ་ཆེད། ཨ་ཧྥེ་རི་ཁའི་ཀྲེ་ཤིང་ལྕགས་ལམ་གཉེར་སྐྱོང་ཀུང་སིས་ཟླ་དང་པོའི་ཟླ་དཀྱིལ་དུ་མོང་ནེ་ལྕགས་ལམ་གྱི་མེ་འཁོར་ཨ་མར་ཉམས་བཟོ་བདག་སྐྱོང་བྱེད་འགོ་བཙུགས་པ་རེད། འདི་ནི་ཉེ་ཆར་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པིའི་མོང་ནེ་ལྕགས་ལམ་གྱི་འཁོར་ཁང་ཕྱི་རོལ་ནས་པར་བརྒྱབ་པའི་ཞིབ་བཤེར་བཟོ་བཅོས་བྱེད་གྲབས་ཡོད་པའི་མེ་འཁོར་ཨ་མ་ཡིན་པ།