ཟླ་2ཚེས་1ཉིན། ཀྲུང་གོ་སྲིད་གཞུང་གིས་སྐྲུན་རོགས་བྱས་པའི་ན་སྨི་པི་ཡའི་རྒྱལ་སའི་རྒྱལ་སྤྱིའི་གནམ་ཐང་གི་གཞུང་ལམ་རྣམ་གྲངས་ཀྱི་དུས་ཐེངས་གསུམ་པའི་ལས་གྲྭའི་ཨར་སྐྲུན་བྱ་ཡུལ་དང་བཅའ་སྡོད་བྱ་ཡུལ་དུ་ལོ་གསར་གྱི་རྣམ་པས་ཁེངས་ཤིང་། ཀྲུང་གོ་དང་ནཱ་སྨི་པི་ཡ་ཕྱོགས་གཉིས་པོའི་ལས་བཟོ་ཚོས་ཅའོ་ཙེ་བཟོ་བ་དང་ཐག་པ་འཐེན་པ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ནས་སྦྲུལ་ལོའི་དཔྱིད་གསར་དུས་ཆེན་ལ་མཉམ་དུ་རྟེན་འབྲེལ་ཞུས་པ་རེད།