《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月05日

རང་རྒྱལ་གྱི་ཞབས་ཞུ་ཚོང་དོན་གྱི་གཞི་ཁྱོན་ཨ་སྒོར་དུང་ཕྱུར་ཁྲི་གཅིག་ལས་ཐོག་མར་བརྒལ་བ།

གྲངས་གཞི་གསར་པ། ལྟ་ཚུལ་གསར་པ།

▶ ལོ་འཁོར་མོའི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་75238ཟིན་ནས་དུས་མཚུངས་ལས་14.4%འཕར་ཡོད། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་31755.6ཟིན་ནས་18.2%འཕར་བ་དང་། ནང་འདྲེན་སྒོར་དུང་ཕྱུར་43482.4ཟིན་ནས་11.8%འཕར་ཡོད།

▶ ལོ་འཁོར་མོར་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་28965.2ཟིན་ནས་6.5%འཕར་ཡོད། དེའི་ནང་ཤེས་བྱ་འདུས་ཆེའི་ཞབས་ཞུ་ཕྱིར་གཏོང་སྒོར་དུང་ཕྱུར་16573.2ཟིན་ནས་7.4%འཕར་བ་དང་། མི་སྒེར་གྱི་རིག་གནས་དང་རོལ་རྩེད་ཞབས་ཞུ་དང་གློག་འཕྲིན་རྩིས་འཁོར་དང་ཆ་འཕྲིན་ཞབས་ཞུ་འཕར་ཚད་ཅུང་མགྱོགས་པོ་བྱུང་སྟེ་39.3%དང་12.2%སོ་སོར་ཟིན་ཞིང་། ཤེས་བྱ་འདུས་ཆེའི་ཞབས་ཞུ་ནང་འདྲེན་སྒོར་དུང་ཕྱུར་12392ཟིན་ནས་5.4%འཕར་བ་དང་། མི་སྒེར་གྱི་རིག་གནས་དང་རོལ་རྩེད་ཞབས་ཞུ་དང་ཤེས་རིག་བདག་དབང་བེད་སྤྱོད་ཀྱི་གྲོན་དངུལ་འཕར་ཚད་ཅུང་མགྱོགས་པོ་བྱུང་སྟེ་29.5%དང་8.7%སོ་སོར་ཟིན་ཡོད།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་3ཉིན་གློག་འཕྲིན་འབྱོར་གསལ། 2024ལོར་རང་རྒྱལ་གྱི་ལོ་འཁོར་མོའི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་ཨ་སྒོར་དུང་ཕྱུར་ཁྲི་1ལས་ཐོག་མར་བརྒལ་ནས་གཞི་ཁྱོན་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ལོ་འཁོར་མོའི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་75238ཟིན་ནས་དུས་མཚུངས་ལས་14.4%འཕར་ཡོད། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་31755.6ཟིན་ནས་18.2%འཕར་བ་དང་། ནང་འདྲེན་སྒོར་དུང་ཕྱུར་43482.4ཟིན་ནས་11.8%འཕར་ཡོད།

ཤེས་བྱ་འདུས་ཆེའི་ཞབས་ཞུ་ཚོང་དོན་ཐད་འཕར་བའི་རྣམ་པ་རྒྱུན་འཁྱོངས་བྱུང་སྟེ་ལོ་འཁོར་མོར་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་28965.2ཟིན་ནས་6.5%འཕར་ཡོད། དེའི་ནང་ཤེས་བྱ་འདུས་ཆེའི་ཞབས་ཞུ་ཕྱིར་གཏོང་སྒོར་དུང་ཕྱུར་16573.2ཟིན་ནས་7.4%འཕར་བ་དང་། མི་སྒེར་གྱི་རིག་གནས་དང་རོལ་རྩེད་ཞབས་ཞུ་དང་གློག་འཕྲིན་རྩིས་འཁོར་དང་ཆ་འཕྲིན་ཞབས་ཞུ་འཕར་ཚད་ཅུང་མགྱོགས་པོ་བྱུང་སྟེ་39.3%དང་12.2%སོ་སོར་ཟིན་ཞིང་། ཤེས་བྱ་འདུས་ཆེའི་ཞབས་ཞུ་ནང་འདྲེན་སྒོར་དུང་ཕྱུར་12392ཟིན་ནས་5.4%འཕར་བ་དང་། མི་སྒེར་གྱི་རིག་གནས་དང་རོལ་རྩེད་ཞབས་ཞུ་དང་ཤེས་རིག་བདག་དབང་བེད་སྤྱོད་ཀྱི་གྲོན་དངུལ་འཕར་ཚད་ཅུང་མགྱོགས་པོ་བྱུང་སྟེ་29.5%དང་8.7%སོ་སོར་ཟིན་ཡོད། ཤེས་བྱ་འདུས་ཆེའི་ཞབས་ཞུ་ཚོང་དོན་གྱི་དྲང་ཁྱད་སྒོར་དུང་ཕྱུར་4181.2ཟིན་པ་དེ་2023ལོ་ལས་སྒོར་དུང་ཕྱུར་504.5མང་དུ་ཕྱིན་ཡོད་པ་རེད།

ཡུལ་སྐོར་ཞབས་ཞུ་འཕར་ཚད་མགྱོགས་ཤོས་ཡིན་ཞིང་། ལོ་འཁོར་མོར་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་20511.5ཟིན་པ་དེ་38.1%འཕར་ནས་ཞབས་ཞུའི་ཚོང་དོན་གྱི་ཁྱབ་ཁོངས་ཆེ་ཤོས་དང་པོ་དེ་ཡིན་པ་རེད། དེའི་ནང་ཕྱིར་གཏོང་156.8%འཕར་བ་དང་ནང་འདྲེན་29.3%འཕར་ཡོད་པ་རེད།