《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月05日

སྔོན་དཔག་བྱས་ན་ལོ་གསར་ཚེས་ལྔ་ཉིན་བར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་48ཟིན་པ།

དཔྱིད་གསར་སྐྱེལ་འདྲེན་གྱི་དུས་ཚོད་ཕྱེད་ཀ་ཡན་སོང་རིང་ས་ཁོངས་བརྒལ་ནས་འགྲུལ་བཞུད་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་2ཉིན(ལུགས་རྙིང་ལོའི་ལོ་གསར་གྱི་ཚེས་ལྔ)ནི་དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་ཉི་ཤུ་པ་ཡིན་པ་ལས་དཔྱིད་གསར་སྐྱེལ་འདྲེན་གྱི་དུས་ཚོད་ཕྱེད་ཀ་ཡན་ཕྱིན་ཟིན་པ་མཚོན་ཡོད། གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། དཔྱིད་གསར་སྐྱེལ་འདྲེན་ཟླ་1ཚེས་14ཉིན་འགོ་ཚུགས་པ་ནས་ཟླ་2ཚེས་2ཉིན་བར། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་བརྒལ་ནས་འགྲུལ་བཞུད་བྱེད་ཚད་མི་ཐེངས་དུང་ཕྱུར་48ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་7.2%འཕར་ནས་དུས་མཚུངས་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

2025ལོའི་ཕྱོགས་བསྡུས་དཔྱིད་གསར་སྐྱེལ་འདྲེན་ལས་དོན་གྱི་ཆེད་དོན་ཚན་ཁག་གིས་ངོ་སྤྲོད་བྱས་པ་ལྟར་ན། སྔོན་དཔག་བྱས་ན་ཟླ་2ཚེས་2ཉིན་བར་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་བརྒལ་ནས་འགྲུལ་བཞུད་བྱེད་ཚད་མི་ཐེངས་ཁྲི་31932ཟིན་པའི་ཁྲོད་མེ་འཁོར་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་1450དང་། གཞུང་ལམ་བརྒྱུད་འགྲུལ་བཞུད་བྱེད་ཚད་མི་ཐེངས་ཁྲི་30102(མྱུར་བགྲོད་གཞུང་ལམ་དང་། རྒྱལ་ལམ་དང་ཞིང་ཆེན་ལམ་དཀྱུས་མར་གཉེར་སྐྱོང་རང་བཞིན་མིན་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ལ་བསྡད་དེ་ཕྱིར་སྐྱོད་བྱེད་ཚད་མི་ཐེངས་ཁྲི་27212དང་གཞུང་ལམ་དུ་གཉེར་སྐྱོང་རང་བཞིན་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་2890ཚུད་པ)དང་། གྲུ་གཟིངས་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་138 དམངས་སྤྱོད་མཁའ་འགྲུལ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་242བཅས་ཟིན་ཡོད་པ་རེད།

(པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)