《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月26日

བྱེད་སྒོ་སྣ་ཚོགས་སྤེལ་ནས་དཔྱིད་གསར་དུས་ཆེན་དགའ་བས་བསུ།

ཉེ་ཆར། ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་གྱི“ཆུ་ཐོག་གི་མེ་ཏོག་ཁྲོམ་ར”ལི་དབན་མཚེའུ་རུ་གཉེར་འགོ་ཚུགས་ཡོད། མེ་ཏོག་གི་གྲུ་གཟིངས་སྐོར་སྐྱོད་དང་། མེ་ཏོག་ཚོང་འདུས། དམངས་སྲོལ་རིག་རྩལ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་བརྒྱུད། ལིང་ནན་གྱི་ཡུལ་སྲོལ་གོམས་གཤིས་མངོན་པར་བྱས་པ་དང་ཆབས་ཅིག དཔྱིད་གསར་དུས་ཆེན་དགའ་བས་བསུས་ཤིང་། འདི་ནི་ཉིན་དེར་མེ་ཏོག་གི་གྲུ་གཟིངས་སྐོར་སྐྱོད་བྱེད་སྒོ་སྤེལ་སྐབས་འཁྲབ་སྟོན་པ་དང་ཡུལ་སྐོར་བས་ཕན་ཚུན་མཉམ་འགུལ་བྱེད་བཞིན་པ།

ཨན་ཧུའེ་ཞིང་ཆེན་ལང་ཤིས་རྫོང་ཅིང་གྲོང་ཚོའི་འབྲུག་ཞུའི་འཁྲབ་སྟོན་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་འཁྲབ་སྟོན་ལ་ཞུགས་མཁན་མང་པོ་ཡོད། ཉེ་བའི་ལོ་ཤས་རིང་གྲོང་མིས་ཉ་ལི་ཡུས་དང་གསེར་ཉ་སོགས་ཀྱི་ལྒང་ཞུ་བཟོས་བྱས་ནས་མཛེས་སྡུག་འཚོ་བར་བཅངས་པའི་སྨོན་འདུན་མཚོན་པར་བྱས་ཤིང་། འདི་ནི་ཉེ་ཆར་ཅིང་གྲོང་ཚོའི་འབྲུག་རྩེད་རུ་ཁག་གིས་གྲོང་གསེབ་ཏུ་སྐོར་འཁྲབ་བྱེད་བཞིན་པ།