《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月25日

མཚོ་སྔོན་ཟི་ལིང་དུ་དགུན་ཁའི་གུང་གསེང་རིང“མངོན་མིན་རིག་གནས་ཤུལ་བཞག”གི་སློབ་ཚན་ཁྲིད་པ།

དགུན་ཁའི་གུང་གསེང་རིང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏ་ཐུང་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས“མངོན་མིན་རིག་གནས་ཤུལ་བཞག”གི་སློབ་ཚན་ཁྲིད་ནས་ཕྲུ་གུ་ཚོས་ཀོ་བརྙན་འཁྲབ་སྟོན་སྒྱུ་རྩལ་ཉམས་ལེན་དང་ཀོ་བརྙན་རིག་གནས་ཤེས་རྟོགས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་ཉམས་འགྱུར་ཚོར་ཐུབ་པ་བྱས་ཡོད། འདི་ནི་ཟླ་1ཚེས་22ཉིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏ་ཐུང་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་སུ་ཀོ་བརྙན་རྒྱུན་འཛིན་པ་ལི་ཚའེ་ཐིང་གིས་ཕྲུ་གུ་ཚོར་ཀོ་བརྙན་འཁྲབ་སྟངས་སློབ་བཞིན་པ།