《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月25日

མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཙུའི་དེ་སྔའི་ཧྲུའུ་ཅི་དང་ཐིང་ཀྲང་མའོ་ཀྲན་པེའོ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕུད་པ།

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་བརྡ་ཁྱབ་བཏང་བར། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཙུའི་དེ་སྔའི་ཧྲུའུ་ཅི་དང་ཐིང་ཀྲང་མའོ་ཀྲན་པེའོ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕུད་པ་རེད།

ཀྲུང་གུང་མཚོ་སྔོན་ཞིང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཙུའི་དེ་སྔའི་ཧྲུའུ་ཅི་དང་ཐིང་ཀྲང་མའོ་ཀྲན་པེའོ་ཡི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་གྱོད་ཁོངས་སུ་བཅུག་ནས་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།

བརྟག་དཔྱད་བྱས་པ་བརྒྱུད། མའོ་ཀྲན་པེའོ་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་ཡང་ཕུགས་བསམ་དང་དད་སེམས་རྦད་དེ་ཉམས་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་བསྐྱུར་བ། ཆབ་སྲིད་ཀྱི་འཁྲིལ་བརྟེན། རྩ་འཛུགས་ཀྱི་ཞིབ་བཤེར་ལ་ངོ་རྒོལ་བཅས་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་ནས་སྒྲིག་འགལ་ངང་འབུལ་རྟེན་བླངས་པ་དང་། གཞུང་དྲང་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཕོག་སྲིད་པའི་གསོལ་སྟོན་དང་ཡུལ་སྐོར་གྱི་བཀོད་སྒྲིག་དང་ལེན་བྱེད་པ། མི་གཞན་གྱིས་ཁོ་པར་ཆེད་མངགས་བཟོས་པའི“འདུ་གནས”སུ་ཕྱིན་ནས་འཛེམ་བག་མེད་པར་ཟ་འཐུང་བྱེད་པ། སྤྱོད་གཙང་གི་མཐའ་ཚད་ཤོར་ནས་གཞན་ལ་རོགས་རམ་བྱེད་པ་དང་ཆབས་ཅིག་རྒྱུ་དངོས་བླངས་པ་དང་སྤྲོ་སྐྱིད་བྱེད་སྒོ་དང་ལེན་བྱས་པ། འདོད་རྔམ་ཆེ་རུ་ཕྱིན་ནས་དབང་དངུལ་ཉོ་ཚོང་ཤུགས་ཆེན་བྱས་ཏེ། གོ་གནས་ཀྱི་སྟབས་བདེ་སྤྱད་ནས་མི་གཞན་ལ་ལས་གྲྭའི་རྣམ་གྲངས་འགན་གཙང་ལེན་པ་དང་ཁེ་ལས་ཀྱི་གཉེར་སྐྱོང་ཐད་རོགས་རམ་བྱས་པ་མ་ཟད་ཁྲིམས་འགལ་གྱིས་རྒྱུ་དངོས་འབོར་ཆེན་བླངས་པ་བཅས་རེད།

མའོ་ཀྲན་པེའོ་ཡིས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། སྤྱོད་གཙང་གི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ལམ་བཅས་ལས་ཚབས་ཆེན་འགལ་ནས་གོ་གནས་ཀྱི་ཁྲིམས་འགལ་ཚབས་ཆེན་བྱས་པ་དང་། ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུའང་ད་དུང་མཚམས་དང་ཚོད་མི་བྱེད་པས་ངོ་བོ་ཚབས་ཆེ་བ་དང་ཤུགས་རྐྱེན་ངན་པ་བཟོས་སྟབས་ཐག་གཅོད་ནན་པོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་པའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ། ཀྲུང་གུང་མཚོ་སྔོན་ཞིང་ཨུད་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་པ་བརྒྱུད། མའོ་ཀྲན་པེའོ་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུ་དང་། མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱིས་ཁོ་པར་གཞུང་གི་ལས་གནས་ནས་འབུད་རྒྱུའི་ཆད་པ་གཅོད་རྒྱུ། ཁོ་པའི་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ། ཁོ་པའི་ཉེས་གསོག་གི་དོགས་ཡོད་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་རྒྱག་པར་རྩིས་སྤྲོད་རྒྱུ་མ་ཟད་གྱོད་འབྲེལ་གྱི་རྒྱུ་དངོས་མཉམ་དུ་རྩིས་སྤྲོད་རྒྱུ་བཅས་ཀྱི་ཐག་བཅད་པ་རེད།