འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། “བརྩམས་ཆོས་རྩེ་གྲར་ལྟ། རྣམ་པ་གསར་པར་རོལ”2025ལོའི་ལོ་འཁོར་གྱི“བརྩམས་ཆོས་རྩེ་གྲ་བསྐྱར་དྲན”གྱི་འགྲེམས་སྟོན་བརྩམས་ཆོས་ཀྱི་འགྲེམས་སྤེལ་མཛད་སྒོ་པེ་ཅིང་དུ་འཚོགས་པ་རེད།
འགྲེམས་སྟོན་བརྩམས་ཆོས་ནང་ལྟད་མོ་ཆེ་བའི་བརྙན་འཕྲིན་ཟློས་གར་དང་། འགུལ་རིས་གློག་བརྙན། དངོས་མཚོན་པར་གཞི། རིག་རྩལ་ལེ་ཚན་སོགས་ཁྱོན་བརྩམས་ཆོས་རྩེ་གྲ་236ཡོད་ཅིང་། དེ་དག་ནི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་། ཧྲང་ཧའེ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས(ཧྲང་ཧའེ་རིག་གནས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཚོགས་པ་ཚད་ཡོད་ཀུང་སི) ཤིན་ལི་བརྙན་འཕྲིན་རིག་གནས་མ་འཇོག་ཚད་ཡོད་ཀུང་སི། ཧྲང་ཧའེ་ཧྥེ་ཚུའེ་ཤར་ཕྱོགས་བརྒྱུད་བསྒྲགས་ཚད་ཡོད་ཀུང་སི(TVBC)སོགས་ཚན་པ་68དང་མི་སྒེར་གྱིས་ཞལ་འདེབས་བརྒྱབ་པ་ཞིག་རེད། བརྩམས་ཆོས་དེ་དག་2025ལོར“བརྩམས་ཆོས་རྩེ་གྲ་བསྐྱར་དྲན”འཕྲིན་ལམ་ནས་རིམ་གྱིས་སྟོན་རྒྱུ་ཡིན་པ་རེད།