ཤིང་སྦྲུལ་ལོའི་དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ། དཔྱིད་གསར་དུས་ཆེན་བརྗོད་དོན་གཙོ་བོར་བྱེད་པའི་རྟེན་འབྲེལ་བྱེད་སྒོ་དང་རིག་གནས་ཉམས་ལེན་བྱེད་སྒོ་རྒྱལ་ཁབ་མང་པོ་ཞིག་ཏུ་གྲ་རྒྱས་པོ་སྤེལ་བཞིན་ཡོད། དེ་ནི“དཔྱིད་གསར་དུས་ཆེན་—ཀྲུང་གོ་བས་སྲོལ་རྒྱུན་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་སྤྱི་ཚོགས་ཀྱི་ལག་ལེན”དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་མིང་ཐོའི་ནང་བཅུག་རྗེས་ཀྱི་ཀྲུང་གོའི་ལུགས་རྙིང་ལོའི་ལོ་གསར་དང་པོ་དེ་རེད།
འཁྲུག་ཆ་དོད་པའི་ལྷ་ཁང་གི་ཚོགས་མཆོད་ནས་རིག་རྩལ་འཁྲབ་སྟོན་བར་དང་། འབྲུག་སེང་རྩེད་བྲོ་དང་རྒྱ་ཆས་ཉམས་ལེན་བྱེད་པའི་བར་ནས་དཔྱིད་གསར་ཆ་ཡིག་དང་། ཤོག་དྲས་འདྲ་གཟུགས། དྲག་རྩལ་སོགས་མངོན་མིན་རིག་གནས་ཤུལ་བཞག་འཁྲབ་སྟོན་བཅས་བར། རྒྱལ་ཁབ་ཁག་གི་དམངས་ཚོགས་ཚོས་ཕུན་སུམ་ཚོགས་པའི་དཔྱིད་གསར་དུས་ཆེན་རིག་གནས་ཉམས་ལེན་བྱེད་སྒོའི་ནང་ཞུགས་པ་བརྒྱུད་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་དེ་བཞིན་ཀྲུང་གོ་བས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་བ་དང་ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་དུང་ཚོར་ཐུབ་པ་བྱུང་ཡོད།